e-texts navigator
Collection
Volume
Page
Wylie

7b1 དཔའ་ཆེན་པོ་གློས་རྒྱ་མཚོ་འ་ཕྱི་བཞིན་དུ་འབྲང་བར་གྱུར་ཏོ།།དེ་ནས་ཕྱོགས་བནའི་འཇིག་རྟེན་གྱི་ཁམས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པདྨ་ལ་འཁོད་པ།
7b2 དག་གིས་རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁྱམས་ཤིན་ཏུ་རྒྱུས་པས་མཛེས་ཏེ།ལྷམ་མེ།ལྷན་ནེ།ལྷང་ངེའོ།།དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་ངོ་མཚར་དུ་གྱུར་ཏེ།དགའ
7b3 བ་དང་།དང་བ་དང་།རབ་ཏུ་དགའ་བོ་ཐོབ་ནས་ཐལ་མོ་སྦྱར་ཏེ།བྱང་ཆུབ་སེམས་དཔའང་དག་ལ་ཕྱགྶ་བརྟུལ་ཏོ།།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྲོ་གྲོས་རྒྱུ
7b4 མཆིས་འཇིག་རྟེན་གྱི་ཁམས་ཡོན་ཏན་རིན་པོ་ཆེ་དྲི་མ་དང་བྲལ་བུ་དཔག་ཏུ་མེད་པ་བཀོད་པས་བརྒྱན་པ་ན་ཡོད་པའི་མེ་ཏོག་མྱ་ངན་མེད་ཅིང་ཡིད་དུ་འོང་བ་མཐོང་ན་དགའ་བ་ཞེས་བྱ་བ་འདའམ
7b5 བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་ལྡན་པ།ཚད་རྒྱང་གྲགས་ཀྱི་ཁྱོན་ཙམ་ཡོད་པ་དེ་བཞིན་གཤེགས་པ་ལ་མཆོད་པར་འོས་པ།བྱང་ཆུབ་སེམས་དཔའི་བསམྲ་པས་རྣམ་པར་དག་པ་སྔོན
7b6 གྱི་དགེ་བའི་རྩ་བས་ཡོངས་སུ་སྦྱངས་པ།རྣམ་པར་བཀྲེ་བ།མིག་ཏུ་སྡུག་པ།འཁོར་ཐམས་ཅད་ཚིམ་པར་བྱེད་པ་ཀུན་ནས་འོད་ལྡན་པ་ཀུན་ནས་ཤིན་ཏུ་ཡིད་དུ་འོང་བའི་དྲི་དང་ལྡན
7b7 དྲའི་མེ་ཏོག་དེ་འདྲ་བ་དགུ་མཆོད་པའི་ལས་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་སྦྱིན་སྔར་མེ་ཏོག་གི་ཆར་ཆེན་པོ་མངོན་པོར་ཕབ་སྟེ།མེ་ཏིག་གི་ཚེར་དེས་རིན་པོ་ཆེ་བཀོདེ་པའི་འཁོར་གྱི་ཁྱེམས




iiif viewer powered by OpenSeadragon

7a - 8a

Texts on this page

N138 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo