e-texts navigator
Collection
Volume
Page
Wylie

6a1 སྔོན་མ་མཐོང་མ་ཐོས་པའི་ཆོ་འཕྲུལ་རྒྱ་ཆེན་པོ་འདི་དག་ཀུན་ཏུ་གདའ་བ་འདི་དག་སུའི་སྔ་ལྟས་ལགས།དེ་སྐད་ཅེས་གསོལ་པ་དང་།བཅོམ་ལྡན་འདས་ཀྱིས་བྱུང
6a2 ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པཱ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།བྱམས་པ་འོག་གི་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི
6a3 འཇིག་རྟེན་གྱི་ཁྱམས་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་འདས་པ་ན་འཇིག་རྟེན་གྱི་ཁམས་ཡོན་ཏན་རིན་པོ་ཆེ་དྲི་མ་དང་བྲལ་བ་དཔག་ཏུ་མེད་པ་བཀོད་པས་བརྒྱན་པ་ཞེས
6a4 བྱ་བ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱ་མཚོའི་མཆོག་མེངའི་བློས་རྣམ་པར་རོལ་པ་མངོན་པར་འཕགས་པའི་མངོན་པར་མཁྱེན་པ
6a5 ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པ་ཡོད་དེ།སངས་རྒྱས་ཀྱི་ཞིང་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་ཞེས་བྱ་བ།བྱང་ཆུབ
6a6 སེམས་དཔའ་སེམས་དཔའ་ཆེན་པོ་བགྲང་བ་ལས་འདས་པ་དྲུག་དང་ལྷན་ཅིག་ཏུ་ང་ལ་བལྟ་བ་དང་།ཕྱག་བྱ་བ་དང་།བསྙེན་བཀུར་བྱ་བ་དང་།ཆོས་བསྟན་པ་འདྲི་ལྔས་གཏམ་གྱི
6a7 རྒྱུད་འགའ་ཞིག་དྲི་བའི་ཕྱིར་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་འོང་བར་འགྱུར་ཏེ།འདི་ནི་དེའི་སྔ་ལྟོས་སོ།།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད




iiif viewer powered by OpenSeadragon

5b - 6b

Texts on this page

N138 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo