| | e-texts navigator
|
5b1 འདབ་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དང་ནི་ལྡན་པ།ཚད་ནི་རྒྱང་གྲགས་ཀྱི་ཁྱོན་ཙམ་ཡོད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་བྱུང་སྟེ།དེ་དག་རིན་པོ་ཆེའི་བཀོད་པའི་འཁོར
5b2 ཀྱིས་བྱམས་ཀྱི་གཞི་ལས་ཐལ་ནས་ཤིང་ཏ་ལ་སྲིད་དུ་འཕགས་ཏེ།ཐམས་ཅད་དང་ལྡན་པའི་འཁོར་དེའང་དེའི་ཚེ་པདྨ་ལ་འཁོད་པར་ཀུན་ཏུ་སྣང་ངོ་།།པདྨ་དེ་དག་ལས་ཀྱང་འོད་གང་དག
5b3 གིས་ཕྱོགསྲ་བཅུའི་སངས་རྒྱས་ཀྱི་ཞིང་ཚད་མེད་གྲངས་མེད་པོ་དག་སྣང་བ་ཆེན་པོས་ཁྱབ་པར་གྱུར་པའི་འོད་དེ་ལྟ་བུ་དག་བྱུང་ངོ་།།དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་ངོ་མཚར་དུ
5b4 གྱུར་ནི་མ་ཇི་ལྟར་སྡེ་ལྟས་འདི་དག་ཀུན་ཏུ་སྡང་བ་ལས་ན།ཀྱེ་མའོ་འདི་ནི་ཆོས་བསྟན་པ་ཆེན་པོར་འགྱུར་རོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དེ།དེ་ནས་བྱང་ཆུབ་སེམས་དཔའ་སེམས
5b5 དཔའ་ཆེན་པོ་བྱམས་པས་ཆོ་འཕྲུལ་ཆེན་པོ་དེ་མཐོང་ནས་པདྨའི་སྟན་ལས་ལངས་ཏེ།བླ་གོས་ཕྱག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་པདྨའི་སྙིང་པོ་ལ་བཙུགས་ཏེ།བཅོམ
5b6 ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི
5b7 ཆེབ་ཀྱིས་ཡོངས་སུ་གཏམས་པའི་རྒྱ་མཚོ་གཅིག་ལྟ་བུར་ཀུན་ཏུ་གདའ་བ་དང་།པདྨ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདི་སྙེད་གཅིག་མངོན་པར་གྱུར་པ་འདི་དག་དང་།བཅོམ་ལྡན་འདས
iiif viewer powered by OpenSeadragon
5a - 6a