| | e-texts navigator
|
4b1 ཅད་ཇི་ལྟ་བ་བཞིན་དུ་རྣམ་པར་གདོན་མི་ཟ་བ་སྟོན་པ་མི་རྟོག་ཅིང་རྣམ་པར་མི་རྟོག་སྟེ།མཉམ་པ་ཉིད་དུ་འཇུག་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་རྟོགས་པར་བྱེད་པ།བསོད་ནམས་དང་།
4b2 ཡེ་ཤེས་ཀྱི་ཚོགས་ཆེན་པོ་སོགས་པ།སངས་རྒྱས་ཀྱི་སྐུ་དང་།སྣང་དང་ཐུགས་མཉམ་པ་ཉིད་ཀྱི་རྐྱེན་དང་ལྡན་པ།དྲན་པ་དང་།བློ་གྲོས་དང་།རྟོག་པ་དང་།མོས་པ་དང་།ཤེས
4b3 །རབ་མི་ཟད་པ་མངོན་པར་སྒྲུབ་པ།ཉན་ཐོས་ཀྱི་ཐེག་པས་འདུལ་བའི་ཕྱིར་འཕགས་པའི་ཚུལ་ལ་འཇུག་པ།རང་སངས་རྒྱས་ཀྱི་ཐེག་པས་འདུལ་བའི་ཕྱིར་ལུས་དང་སེམས་རབ་ཏུ་དབེན་པར
4b4 ཤེས་པ།ཐེག་པ་ཆེན་པོས་འདུལ་བའི་ཕྱིར་ཐམས་ཅད་མཁྱེན་པར་དབང་བསྐུར་བ་རབ་ཏུ་ཐོབ་པ།ཆོས་ཐམས་ཅད་ལ་དབང་སྒྱུར་བའི་ཚུལ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་དེ
4b5 བཞིན་གཤེགས་པའི་ཡོན་ཏན་བརྗོད་པའི་ཕྱིར་གསུང་ངོ་།།སྟོན་ཏེ།རབ་ཏུ་འཆད་དོ།།འཛིན་དུ་འཇུག་གོ།ཀློག་ཏུ་འཇུག་གོ།།ཤེས་པར་མཛད་དོ།།རྣམ་པར་ཤེས་པར་མཛད
4b6 དོ།།རབ་ཏུ་ཤེས་པར་མཛད་དོ།།རབ་ཏུ་འགོད་དོ།།རྣམ་པར་འབྱེད་དོ།།རྣམ་པར་འབྲེལ་ཏེ།།གསལ་བར་མཛད་དོ།།ཡང་དག་པར་རབ་ཏུ་སྟོན་ཏོ།།དེ་ནས་བཅོམ་ལྡན
4b7 འདས་ཀྱིས་དོན་ཤིན་ཏུ་རྣམ་པར་ངེས་པ་འདུས་པ་ཆེན་པོའི་ལེའུའི་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པས་ཐམས་ཅད་དང་ལྡན་པའི་སྟོང་གསུམ་གྱི་སྟོང
iiif viewer powered by OpenSeadragon
4a - 5a