| | e-texts navigator
|
4a1 ལྡན་འདས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པས་ངེས་པར་འབྱུང་བ་སྒྲིབ་པ་མེད་པའི་སྒོ།།བྱང་ཆུབ་སེམས་དཔའི་ལམ་པ་འོད་པ་ལ་དམིགས་པ་སྟོབས།
4a2 དང་།མི་འཇིགས་པ་དང་།སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་འགྲུབ་པའི་ཡེ་ཤེས་ཀྱི་འབྱུང་གནས།ས་ས་ཅད་དབང་བསྒྱུར་བའི་གསུངས་ཀྱི་ཕྱུར་མྱི་སྦྱོར་འཇུག
4a3 པ།སོ་སོ་ཡང་དག་པར་རིག་པས་རྣམ་པར་གདོན་མི་ཟ་བ་ལ་འཇུག་པའི་སྒོ།།མངོན་པར་ཤེས་པ་ཆེན་པོའི་ཡེ་ཤེས་ལ་འབབ་པས་འཇུག་པའི་ཕྱིར་མི་ལྡོག་པའི་འཁོར་ལོ་ཕྱོ
4a4 མི་ལྡོག་པ་སྟོན་པ་ཐེག་པ་ཐམས་ཅད་མཉམ་པ་ཉིད་དུ་ཡང་དག་པར་འདུ་བ་ཆོས་ཀྱི་དབྱིངས་འདྲེས་པ་མེད་དེ་ཚུལ་གཅིག་པ་རབ་ཏུ་དབྱེ་བ་ལ་འཇུག་པ།སེམས་ཅན་ཐམས་ཅད
4a5 ཀྱི་བསམ་པ་དང་།དབང་པོའི་ཚུལ་ལ་འཇུག་པ་སྟོན་པ།སྙིང་པོ་དང་ལྡན་པ།ཆོས་རྣམ་པར་གདོན་མི་ཟ་བ།བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇོམས་པ།
4a6 ཚུལ་བཞིན་དུ་ཆོས་ཀྱི་ཚུལ་ལ་འབབ་ཅིང་འཇུག་པ།ཉོན་མོངས་པ་དང་ལྟེ་བར་གྱུར་པ་ཐམས་ཅད་འདུལ་བ།ཆགས་པ་མེད་པའི་ཡེ་ཤེས་ལ་འཇུག་པ།ཀུན་ཏུ་བསྔོ
4a7 བའི་ཐབས་མཁས་པ་ཤེས་པ་སྟོན་པ།སངས་རྒྱས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་འཇུག་པ།ཆགས་པ་མེད་པའི་བྱིན་གྱིས་བརླབས་ཀྱི་སྒོ་ཆོས་ཐམས
iiif viewer powered by OpenSeadragon
3b - 4b