e-texts navigator
Collection
Volume
Page
Wylie

177b1 གཤེགས་པས་ཤིན་ཏུ་བཟུང་།།ཕྱོགས་བཅུའི་སངས་རྒྱས་སྟོང་ཕྲག་བྱེ་བ་རྣམས།།ཕྱག་ནི་གཡས་པ་རབ་ཏུ་རྐྱང་མཛད་དེ།།ཡོན་ཏན་རྒྱ་མཚོའི་སྤྱི་བོར་བཞག་ནས་ནི།།ཤཱཀྱ
177b2 སེང་གེའི་བསྐུལ་བ་ལེགས་ཞེས་གསུང་།།ལྷ་དང་ཀླུ་དང་ལྷ་མིན་མའམེ་ཙི།།དྲི་ཟ་གནོད་སྦྱིན་མཁའ་ལྡིང་ལྟོ་འཕྱེ་ཚོ།།བརྒྱ་བྱིན་ཚངས་པོ་འཇིག་རྟེན་སྐྱོང་བ་རྣམས།།ནས་མཁའ
177b3 གནས་ཏེ་ཆེད་དུ་བརྗོད་པ་བརྗོད།།ཤཱཀྱ་སེང་གེ་འོདི་དང་དགེ་འདུན་དང་།།མདོ་སྡེ་འདྲི་འབྲུ་བ་ནི་འཛིན་བྱེད་པོ།།བྱང་ཆུབ་སེམས་དཔའ་དཔའ་བོ་རིང་གནས་གྱུར།།ལེགས་གསུངས
177b4 ཆོས་ནི་གཞན་ཡང་ནུབ་མི་འགྱུར།།གང་དག་ཆོས་ཀྱི་ཚུལ་ནི་འདི་འཛིན་པ།།དེ་དག་ལ་ནི་བདག་ཅག་བསྙེན་བཀུར་བགྱི།།བདག་ཅག་ཐམས་ཅད་གུས་དང་བཅས་པར་ནི།།ཀུན།།
177b5 ཏུ་སྲུང་ཞིང་སྦ་བར་སྤྲོ་བར་བགྱི།།དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་བཀའ་སྩལ་པ།བློ་གྲོས་རྒྱ་མཚོ་ཆོས་ཀྱི་ཚུལ་ཆོས་ཀྱི་ཕྱག།ཆེས་བཏུས
177b6 པ་ཆེས་རབ་ཏུ་དབྱེ་བ་འདི་ནི་འདས་པ་དང་།མ་འོངས་པ་དང་།ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བཤད་པ།འཆད་པ་འཆད་པར་འགྱུར་བ་སྟེ།བློ
177b7 གྲོས་རྒྱ་མཚོ་ཁྱོད་ཀྱིས་དེ་ལ་གུས་པ་དང་བཅས་པ་དང་།ཞེ་ས་དང་བཅས་པ་དང་།སྒྲུབ་པ་སྙིང་པོར་བྱའོ།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།བྱང




iiif viewer powered by OpenSeadragon

177a - 178a

Texts on this page

N138 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo