e-texts navigator
Collection
Volume
Page
Wylie

176b1 བློ་གྲོས་རྒྱ་མཚོ་ལ་གཏོར་མངོན་པར་གཏོར་ཏོ།།དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་པདྨ་བཀོད་པས་འདི་སྐྱེད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་རིགས་ཀྱི
176b2 བུའམི་རིགས་ཀྱི་བུ་མོ་གང་ཆོས་ཀྱི་སྒོའི་ལེའུ་འདི་ཐོས་ནས་མོས་པ་དང་།མོས་ནོས་ཀྱང་འཛིན་པ་དང་།འཆང་བ་དང་།ཀློག་པ་དང་།འདྲེན་པ་དང་།རྟོག་པ་དང་།
176b3 བཞིན་དུ་ནན་ཏན་བགྱིད་པ་དེ་བསོད་ནམས་ཇི་ཙམྲ་ཞིག་སྐྱེད་པར་འགྱུར།དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་པདྨ་བཀོད་པ་ལ་ཚིགས་སུ་བཅད་དེ་བཀའ་སྩལ
176b4 སྟོང་ཆེན་པོ་ཡི་འཇིག་རྟེན་ཁམས་འདི་ནི།།གསེར་གྱིས་བཀང་སྟེ་བདེ་གཤེགས་ཕུལ་བ་བས།།གང་གིས་ཆོས་ཀྱི་མཛོད་འདི་ཐོས་ནས་ནི།།མོས་པའི་བསོད་ནམས
176b5 འདི་ནི་ཁྱད་པར་འཕགས།།གང་གིས་འཇིག་རྟེན་ཁམས་ཁྲི་རིན་ཆེན་བཀང་།།དེ་བཞིན་གཤེགས་པ་རྣམས་ལ་ཕུལ་བ་བས།།གང་གིས་ཆེ་ངོ་སྡེ་འདི་ལ་འཇུག་བྱས་པ།།།
176b6 བསོད་ནོམས་དེ་ལ་སྣརུམས་བསྐྱེད་དུ་མེང་།།གང་གིས་འཇིག་རྟེན་ལྡམས་ནི་སྟོང་ཕྲག་བཅུ།།རིན་ཆེན་བཀང་སྟེ་སྦྱིན་པ་བྱིན་པ་བས།།གང་གིས་མདོ་འདི་བཏོན་ནས་སྟོན་པ
176b7 ཡི།།བསོད་ནམས་དེ་ཡི་ཚེནི་སྔ་མ་མིན།།ཞིང་ནི་བྱེ་བ་ཁྲག་ཁྲིག་སྟོང་གི་རྣམས།།རིན་ཆེན་བྱཀང་སྟེ་འཇིག་རྟེན་སློབ་དཔོན་སྐྱོབ།སངས་རྒྱས་རྣམས་ལ་དབུལ་བར




iiif viewer powered by OpenSeadragon

176a - 177a

Texts on this page

N138 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo