e-texts navigator
Collection
Volume
Page
Wylie

174b1 ནི་མེར་འགྱུར་ཡང་སྲིད།འབྱུང་བ་ཆེན་པོ་བཞི་ནི་གཞན་དུ་འགྱུར་ཡང་སྲིད།སེམས་ཅན་ཐམས་ཅད་ལ་སེམས་ནི་གཅིག་ཏུ་བྱར་རུང་ཡང་སྲིད།ནམ་མཁའ་དང
174b2 ས་ནི་འབྱར་ཡང་སྲིད་ཀྱི།དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ནི་སུས་ཀྱང་བསྐྱོད་པའམ་གཡོ་བ་འམ་འཁྲུགས་པར་བྱེད་མི་ནུས་སོ་ཞེས་གསུངས་སོ།།དེ་ནས།
174b3 བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རྐུན་དགའ་བོའི་སྤྱི་བོར་ཕྱག་བཞག་སྟེ།ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།ཀུན་དགའ་བོ་ཁྱོད་ཀྱིས་དམ
174b4 པའི་ཆོས་ཡུན་རིང་དུ་གནས་པར་བྱེ་བ་ཉེ་བར་བཟུང་སྟེ།ཆོས་ཀྱི་རྣམ་གྲངས་འདི་བཟུང་ཤིག།ཚངས་ཤིཀ།ལྷོགས་ཤིག།ཀུན་ཆུབ་པར་གྱིས་ཤིག།གཞན
174b5 དྲདྲུག་ལའང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཅིག།དེ་ནས་བཅོམ་ལྡནི་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས
174b6 ཀྱིས་དོན་གྱི་དབང་གང་གཟིགས་ནས་དྲི་ལ་རྒྱ་མཚོ་དང་མཚོ་ཆེན་པོ་ལྟར།གཏིང་དཔག་དཀའ་བའི་དྲན་པ་དང་བློ་རབ་ཏུ་ཐོབ་པའི་བྱང་ཆུབ་སེམས་དཔའ་གཞན་དག་མཆིས་བཞིན
174b7 དུ།དགེ་སློང་ཀུན་དགའ་བོ་ཉ་ཆེ་བའི་འཚལ་པ་དང་ལྡན་པ་ལ་ཆོས་ཀྱི་ལེའུ་འདི་ལྟ་བུ་འདི་ཡོངས་སུ་གཏང་།བཅོམ་ལྡན་འོདས་ཀྱིས་བཀའ་སྩལ་པ།བློ་གྲོས་རྒྱ་མཚང།




iiif viewer powered by OpenSeadragon

174a - 175a

Texts on this page

N138 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo