| | e-texts navigator
|
174a1 ཁྱམས་ན་མཆོད་པའི་ལས་བྱིན་གྱིས་བརླབས་པའི་གཟུགས་ཀྱི་རྣམ་པ་གང་དག་ཡོད་པ་དེ་དག་ཀྱང་དྲི་བཞིན་གཤེགས་པའི་གཟུགས་ཉིད་དུ་གནས་པར
174a2 ཀུན་ཏུ་སྣང་ངོ་།།དེ་བཞིན་གཤེགས་པའི་གཟུགས་དེ་དག་གིས་གསུང་གཅིག་ཏུ།ཀྱེ་མའོ་ཆོས་ཀྱི་རྣམ་གྲངས་འདྲི་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བྱིན་གྱིས་བརླབས
174a3 སོ།།གང་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པ་དེ་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའོ།།གང་སངས་རྒྱས་བཅོམ
174a4 ལྡན་འདས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་དེ་ལ་བདུད་ཐམས་ཅད་ཀྱིས་བར་ཆད་བྱ་བར་མི་ནུས་སོ།།བཅོམ་ལྡན་འདས་གལ་ཏེ་གྲྀངྒའི་ཀླུང་གི་བྱེ་མ་སྙེད་ཀྱི་བདུད
174a5 དཔུང་དང་བཅས།གཡོག་འཁོར་དང་བཅས།ཆོས་ཀྱི་རྣམ་གྲངས་འདི་ལ་བར་ཆད་བྱ་བར་བཏུད་ཀྱང་དེ་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ལ་བར་ཚད་བྱ་བར་མི་ནུས
174a6 སོ།།དེ་ཅིའི་ཕྱིར་ཞེ་ན།ས་འགས་ཀྱང་སྲིད།རྒྱ་མཚོ་ཐམས་ཅད་ནི་སྐམ་ཡང་སྲིད།རི་ཐམས་ཅད་ནི་རྣམ་པར་མཐོར་ཡང་སྲིད།རླུང་ནི་ཞགས་པས་བཅང
174a7 དུ་རུང་ཡང་སྲིང་།ཉི་མ་དང་ཟླ་བ་ནི་སའི་སྟེང་དུ་ལྟུང་ཡང་སྲིད།ནམ་མཁའ་ནི་གཟུགས་ཀྱི་རྣམ་པར་བསྟེན་དུ་རུང་ཡང་སྲིད།མེ་ནི་ཆུར་འགྱུར་ཡང་སྲིད།ཆུ།
iiif viewer powered by OpenSeadragon
173b - 174b