| | e-texts navigator
|
173a1 འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་པ་དེས།བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་བདུག་ཚངས་པའི་འཇིག་རྟེན
173a2 དུ་གནས་ཏེ།བསམ་གཏན་དང་ཚད་མེད་པའི་བདེ་བ་ལ་གནས་པ་བོར་ལ་གང་ན་ཆོས་ཀྱི་རྣམ་གྲངས་འདི་སྟོད་པའི་འཁོར་དེར་མཆི་བར་བགྱིའོ།།ཆོས་སྨྲ་བྱ་དེ་ལའང
173a3 ཆེས་བརྐྱང་བསྒྲུབས་པར་བགྱིའོ།།བརྒྱད་གང་ཞེ་ན།ཇི་ལྟར་ཐོས་པའི་ཆོས་མི་བསྐྱུད་པར་བགྱི་བའི་སླད་དུ་དེ་ལ་དྲན་པ་བསྒྲུབ་པར་བགྱི།ཆོས་ཟབ་མི་རྟོགས་པར
173a4 བགྱི་བའི་སླད་དུ་དེ་ལ་བློ་གྲོས་བསྒྲུབ་པར་བགྱི།དོན་གྱི་རྣམ་པ་རྟོགས་པར་བགྱི་བའི་སླད་དུ་དེ་ལ་རྟོགས་པ་བསྒྲུབ་པར་བགྱི།ཐེ་ཚོམ་ཐམས་ཅད་བཅད་པའི་སླད་དུ་དེ་ལ
173a5 སྤོབས་པ་བསྒྲུབ་པར་བགྱི།སྐྱེད་དང་ངེས་པའི་ཚིག་ཐམས་ཅད་ཀྱིས་ཡོངས་སུ་ཚིམ་པར་བགྱི་བའི་སླད་དུ་དེ་ལ་ལུང་བསྟན་པ་ཕུན་སུམ་ཚོགས་པ་བསྒྲུབ་པར་བཻ་གྱི།
173a6 འཁོར་ཐམས་ཅད་ཟིལ་གྱིས་མི་ནོན་པར་བགྱི་བའི་སླད་དུ་དེ་ལ་འདུལ་བ་བསྲུང་བ་བསྒྲུབ་པར་བགྱི།མི་དམན་པར་ལུང་བསྟན་པའི་སྲད་དུ་དེ་ལ་ཆོས་ཀྱི་སྣང་བ་བསྒྲུབ
173a7 པར་བགྱི།དེ་བགྱིད་ཅིང་ཆོས་བསྒྲུབ་པའི་སླད་དུ་དེ་ལ་ངེས་པར་འབྱུང་བའི་སྒོ་བསྒྲུབ་པར་བགྱི་སྟེ།བཅོམ་ལྡན་འདས་ཆོས་སྨྲ་བ་དེ་ལ་ཚེས་བརྒྱང་པོ་འདི་དག་བསྒྲུབ
iiif viewer powered by OpenSeadragon
172b - 173b