e-texts navigator
Collection
Volume
Page
Wylie

172a1 སཱ་ཙིཏྟ་ཨུ་པ་ཤ་མེ།བྱ་བ་ལོ་ཀ་ཡ་བྲཧྨཱ་ཎ།བྱཱ་ཏིཥྛ་ན་མསྟེ། བེཀྵ་སཱ་དྷ་མ་ཙ་རཎཱཾ།ཀུ་རུ་ས་དྷརྨ་པཱ་རི་བྲཱ་ཧ་ཎ།ཀྲི་ཏ་མ་ནུ་པཱ་ལ་ཡ།བུདྡྷ་ནི།ཏཱི་མ?
172a2 མ་བྱ་བ་ཚྭ་བ་སི་སྥ་ར་ཏཾ།དྷརྨ་ཙཀཱ་པྲ་བརྟྟ་ནཱ~ཾ།ཀུ་རུ་སཱཏྲཱ་བོ་ཤ་དྷ་ནཱ~ཾ།པྲ་ཏི་གྲཱ་ཧ་ན།དྷརྨ་ནཱཾ་ག་ར་མཱ་མཱ་ནཱཾ།བུདྡྷ་ཨ་དྷིཥྛཱ་ནཱི།མ་བཱི་ཀ་ཨུ་པ་ཡཾ།བློ་གྲོས་རྒྱ་མཚ་མི
172a3 མཛོད་ཀྱི་བདག་པོ་ཚངས་པ་དགུག་པའི་སྔགས་པའི་ཚིག་འདི་དག་ཆོས་སྨྲ་བ་དེས་ལེགས་པར་ཁ་ཏོན་དུ་བྱས་ལ་ཚངས་པའི་ལམ་ལ་ཤིན་ཏུ་གནས་ཏེ།ཞེ་འགྲས་པ་མེད
172a4 པའི་སེམས་ཀྱི་རྒྱུད་དང་།དབང་པོ་ཤིན་ཏུ་སྨྲས་པ་དང་།ཤིན་ཏུ་བསྲུངས་པའི་དྲན་པ་དང་།ཤིན་ཏུ་དཀར་བའི་ཕྱག་རྒྱ་དང་།ཤིན་ཏུ་ཡོངས་སུ་དག་པའི་ལུས་ཀྱི
172a5 ལས་དང་།ཤིན་ཏུ་དབེན་པས་ཟིན་པའི་ངག་གི་ལས་དང་།ཤིན་ཏུ་བརྟན་པའི་བློ་དང་།ལེགས་པར་བྱས་པའི་བཟོད་པའི་ལས་དང་།ཤིན་ཏུ་ཡོངས་སུ་སྦྱངས་པའི
172a6 ཚུལ་ཁྲིམས་ཀྱི་ཕུང་པོ་དང་།ལེགས་པར་བརྩམས་པའི་བརྩོན་འགྲུས་ཀྱི་སྟོབས་དང་།ཤིན་ཏུ་བསྟེན་པོའི་མང་དུ་ཐོས་པ་དང་།ཤིན་ཏུ་ཡོངས་སུ་བསྒོམས་པའི་སེམས།
172a7 ལས་སུ་རུང་བ་དང་།ཤིན་ཏུ་རྣ་བའི་ཤེས་རབ་ཀྱི་དབང་པོ་དང་།ཤིན་ཏུ་བརྩོན་པའི་ཡང་དག་པའི་སྦྱོར་བ་དང་།བྱང་ཆུབ་ཀྱི་སེམས་ཀྱིས་ལེགས་པར་ཟིན་པ་དང་།།




iiif viewer powered by OpenSeadragon

171b - 172b

Texts on this page

N138 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo