| | e-texts navigator
|
253a1 སངས་རྒྱས་ཀྱི་ཞིང་གི་ཕུན་སུམ་ཚོགས་པ་དེ་ལྟ་བུ་དག་མཐོང་བ་ནི་ངས་བསྐལ་པའམ།བསྐལ་པ་བརྒྱའམ།བསྐལ་པ་སྟོང་ངམ།བསྐལ་པ་འབུམ
253a2 མམ།བསྐལ་པ་བྱེ་བ་འམ།བསྐལ་པ་ཁྲག་ཁྲིག་གམ།དེ་བས་ཀྱང་ལྷག་པ་སྐྱེད་དུ་དཔེས་རབ་ཏུ་ཕྱེ་སྟེ་རྒྱ་ཆེར་ཡང་དག་པར་རབ་ཏུ་བརྗོད་ཀྱང་མཐར་ཐུག་པར་འགྱུར
253a3 བ་མེད་དོ།།དགེ་སློང་དག་ངས་ཁྱེད་ཅག་ཉན་ཐོས་རྣམས་ལ་སྟོན་པའི་བྱ་བ་གང་ཡིན་པ་དེའང་བྱས་ཏེ།ངས་ཆོས་ལ་སློབ་དཔོན་གྱི་དཔེ་མཁྱུད་མ་བྱས་པར་ཕྱི་ནང་མེད
253a4 པར་རྣམ་པ་ཐམས་ཅད་དུ་ཐམས་ཅད་བསྟན་ཟིན་ཏེ།དེ་ལྔས་ལྷག་པར་ཐོབ་པར་བྱ་བ་ནི་ཐ་ནེ་དྷཱའི་རྩེ་མོའི་ཆ་ཤས་ཙམ་ཡང་མེད་ཀྱིས་ད་ཁྱེད་ཅགོ་གིས་ནན་ཏན་ལ
253a5 གནས་པར་བྱའོ།།ངས་ཁྱེད་ཅག་ལ་མྱ་ངན་ལས་འདའ་བའི་ཆོས་ཀྱང་བསྟན།མྱ་ངན་ལས་འདའ་བར་འགྲོ་བའི་ལམ་ཡང་བསྟན།སེམས་ཅན་རྣམས་ཀྱི་དགེ
253a6 བའི་རྩ་བ་ཤིན་ཏུ་དཀའ་བ་དྲག་ཀྱང་ཡང་དག་པར་སྐྱེད།བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཡང་དག་པར་བསྒྲུབས་ཟིན་གྱིས་དེ་བཞིན་དུ་ཐམས་ཅད
253a7 རྗེས་སུ་ཡོངས་སུ་ཟུང་ལ་ཅི་ནས་ཀྱང་ཉམས་པར་མི་འགྱུར་བ་དེ་ལྟར་གྱིས་ཤིག།དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་འདི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ
iiif viewer powered by OpenSeadragon
252b - 253b