| | e-texts navigator
|
252b1 དེ་ལྟར་བྱེད་པས་ན་དེ་རྣམས་ལ་ཁྱོད་ཀྱིས་ཀྱང་ཅི་ཞིག་བྱར་ཡད།སྡིག་ཅན་དེ་ལྟར་ན་སེམས་ཅན་གྱི་ཁམས་དཔག་ཏུ་མེད་པར་ཡོད་ཀྱིས་དེ་དག་ལ་བྱ་བ་གང་ཡོད་པ་དེ་གྱིས་ཤིག།
252b2 དེ་བཞིན་གཤེགས་པ་ནི་དོ་མོད་ནམ་གྱི་ཐུན་ཐ་མ་ལ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ།།དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ།དགེ
252b3 སློང་དག་ཁྱེད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་དག་མཐོང་ངམ།གསོལ་པ།བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ།།བཀའ་སྩལ་པ།དེ་བས་ཀྱང་ཤིན་ཏུ་ཚད་མེད
252b4 བླ་དག་ཡོད་པར་བལྟའོ།།དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་འཇིག་རྟེན་གྱི་ཁམས་དང་།སངས་རྒྱས་ཀྱི་ཞིང་ཕུན་སུམ་ཚོགས་པ་དག་མཐོང་ངམ།བྱང
252b5 ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་བཀོད་པ་དང་།ཉན་ཐོས་རྣམས་ཀྱི་ཉན་ཐོས་ཀྱི་ཕུན་སུམ་ཚོགས་པ་དག་མཐོང་ངམ།དེ་དག་གིས་གསོལ་པ།བཅོམ
252b6 ལྡན་འདས་དེ་དེ་ལྟ་ལེགས་སོ།།བདེ་བར་གཤེགས་པ་དེ་དེ་ལྟ་ལགས་སོ།།བཀའ་སྩལ་པ།དགེ་སློང་དག་དེ་བཞིན་གཤེགས་པས་ནི་དེ་བས་ཀྱང་ཕྱིར་ཞིང་ལྷག་པ
252b7 དྭང་།ཤིན་ཏུ་ཚད་མེད་པ་དག་ཀྱང་རབ་ཏུ་མཁྱེན་ཏེ།དགེ་སློང་དག་ངས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པའི་ཕུན་སུམ་ཚོགས་པ་དང་།
iiif viewer powered by OpenSeadragon
252a - 253a