e-texts navigator
Collection
Volume
Page
Wylie

251a1 འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་གྱུར་པ་ལ་བསྐལ་པར་བསྙེན་བཀུར་བྱས་པས་ནི་དེ་ལྟ་མ
251a2 ཡིན་ནོ།།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞིག་ཡེ་ཤེས་འདི་ལ་མྱོས་པར་བྱེད་པ་དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ཉེ་བར་འགྱུར་ཞིང་།།
251a3 དེ་ནི་བླ་ན་མེད་པོ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཡང་ཉེ་བར་འགྱུར་རོ།།ཤའི་སྤྱན་བཤད་པ་ལུང་བསྟན་པ་འདི་བཤད་པ་ན་སྲོག་ཆགས་བྱེ་བ་ཕྲག་དྲུག་ཅུ་རྩ
251a4 གཉིས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་འབྱུང་བར་དཀའ་བ་ཡིན་གྱིས
251a5 བདག་ཅག་གིས་འདི་ཉིད་ལ་སྡུག་བསྔལ་ཟད་པ་དང་།ཉོན་མོངས་པའི་མཐའ་མ་དང་།ཟག་པ་ཟད་པ་ཐོབ་པར་བྱའོ་སྙམ་ནས་ཡང་ཕྱིར་མི་ལྡོག་པར་གྱུར་ཏོ།།སེམས
251a6 ཅན་དཔག་ཏུ་མེད་པ་རྣམས་ནི་སློབ་པའི་ས་ལ་བཀོད་པར་གྱུར་ཏེ།བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་ཕྲག་བཅུ་ནི་སེམས་དང་པོ་བསྐྱེད་པས་ཡོངས་སུ་ག་པར་གྱུར
251a7 ཏོ།།བྱང་ཆུབ་སེམས་དཔའ་བྱེ་བ་འབུམ་ཕྲག་སུམ་ཅུ་རྩ་གཉིས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ།།དེ་ནས་བདུད་སྡིག་ཅན་སྡུག་བསྔལ་ཞིང་ཡིད་མི་ཟད




iiif viewer powered by OpenSeadragon

250b - 251b

Texts on this page

N122 - 'phags pa khye'u bzhi'i ting nge 'dzin zhes bya ba theg pa chen po'i mdo