e-texts navigator
Collection
Volume
Page
Wylie

250b1 ཚད་མེད་པ་དག་ཀྱང་རབ་ཏུ་མཁྱེན་ཏོ།།ཤའི་སྤྱན་ཐ་མལ་པས་ཀྱང་དེ་ལྟར་དེ་བཞིན་གཤེགས་པ་ཚད་མེད་པ་དང་།དེ་ལྟར་གཞལ་དུ་མེད་པ་དང་།དེ་ལྟར་བགྲང་དུ་མེད
250b2 པ་དང་།དེ་ལྟར་གྲངས་མེད་པ་ཡིན་ན།སངས་རྒྱས་ཀྱི་ཆོས་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས།དགེ་སློང་དག་འདི་ལྟ་སྟེ།དཔེར་ན་ཁྱིམ་པའམ་རབ་ཏུ་བྱུང་བ་གང་ལ་ལ
250b3 ཞིག་གིས་སངས་རྒྱས་ཀྱི་ཞིང་འདིའི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ།སྟོབས་བཅུ་དང་།མི
250b4 འཇིགས་པ་ཐོབ་པར་གྱུར་པ་དེ་དག་ལ་བསྐལ་པ་ཡོངས་སུ་རྫོགས་པར་བཀུར་སྟིར་བྱས།བླ་མར་བྱོས།རི་མོར་བྱས།མཆོད་པར་བྱས།རྗེད་པར་བྱས།གསོལ་བར་བྱས
250b5 ཧཾ།མཆོད་པ་སྣ་ཚོགས་བསམ་གྱིས་མི་ཁྱབ་པ་དག་གིས་མཆོད་པ་བྱས་པ་པས།རིགས་ཀྱི་བུ་འམ།རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་སངས་རྒྱས་ཐམས་ཅད་རྣམ་པར་འབྱེད
250b6 བུ་ཡང་དག་པརོ་རབ་ཏུ་སྟོན་པའི་ཆོས་ཀྱི་རྣམ་གྲངས་འདི་ལ་དད་པའི་སེམས་བསྐྱེད་པ་གཅིག་ཙམ་སྐྱེད་ཅིང་ཐེ་ཚོམ་མེད་པའི་བློས་ཡང་དག་པའི་འདུ་ཤེས་བསྐྱེད་པར་གྱུར་ན།
250b7 སེམས་བསྐྱེད་མ་ཐག་ཏུ་དེ་བས་ཆེས་བསོད་ནམས་མང་དུ་སྐྱེ་བར་འགྱུར་ཞིང་སངས་རྒྱས་ཀྱི་ཡོན་ཏན་མང་པོ་དག་དང་ཡང་ཉེ་བར་འགྱུར་གྱི།སྟོང་གསུམ་གྱི་སྟོང་ཆེན་པོའི




iiif viewer powered by OpenSeadragon

250a - 251a

Texts on this page

N122 - 'phags pa khye'u bzhi'i ting nge 'dzin zhes bya ba theg pa chen po'i mdo