| | e-texts navigator
|
93b1 པོའི་བུ་གཽ་ཏ་མ་ཞེས་བྱ་བ་ནི་འདོད་པ་དང་།འདོད་པ་མ་ཡིན་པ་དང་།བདེ་བ་དང་།བདྲེ་བ་མ་ཡིན་པ་བྱེ་བྲག་ཕྱེད་པར་གྱུར་ནས་མྱ་ངན་ལས་འདས་པའི་བདེ་བ་འཚོལ་ལོ་ཞེས་བྱ་བ་འདིའང
93b2 བྱིས་པ་སེམས་ཅན་རྣམས་ངེས་པར་བསྒྲལ་བའི་ཕྱིར་རོ།།དེ་བཞིན་གཤེགས་པ་ནི་འཁྲིག་པཱ་ལྔས་བྱུང་བ་མོ་ཡིན་ཏེ་སྒྲ་གཅན་ཟིན་གྱི་ཕར་གྱུར་པར་བསྟན་པ་དང་།རང་གི་ཕ་མ་བསྟན
93b3 པོདང་འཇིག་རྟེན་དང་མཐུན་པར་བྱ་བ་ཙམ་དུ་ཟད་དོ།།ལྷ་དང་མི་དང་ལྷ་མ་ཡིན་རྣམས་ཀྱིས་ནི་མིའི་དེ་བཞིན་གཤེགས་པའོ་སྙམ་དུ་ཡང་དག་པར་ཤེས་སོ།།རིགས་ཀྱི་བུ་ཛམྦུའི་གླིང
93b4 ལ་ལར་ནི་ང་ཡང་དང་ཡང་དུ་ཡོངས་སུ་མྱ་ངན་ལས་འདའ་བ་ལྟ་བུར་སྟོན་ཏེ།འོན་ཀྱང་གཏན་དུ་ཡོངས་སུ་མྱ་དྲན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདའ་བར་མ་བྱེད་དོ།།
93b5 འགའ་ནི་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་གྲོངས་སོ་སྙམ་དུ་ཡང་དག་པར་ཤེས་མོད་ཀྱི་ངོ་བཞིན་གཤེགས་པ་ནི་དུས་ཐམས་ཅད་དུ་རྟག་པ་དང་།བརྟན་པ་དང་།
93b6 ཐེར་ཟུག་པ་ཡིན་ཏེ།ཡོངས་སུ་མྱ་ངན་ལས་འདའ་བར་སྟོན་པ་ནི་སངས་རྒྱས་རྣམས་ཀྱི་ཆོས་ཉིད་དོ།།ཛཱམྦྷིའི་གླི་ལ་ལར་ནི་སྐྱེ་བར་སྟོན་ཏེ་སེམས་ཅན་རྣམས་ཀྱིས་སྐྱོས་སོ་སྙམ་དུ
93b7 ཡང་དག་པར་ཤེས་སོ།།ང་ནི་བསྐལ་པ་བྱེ་བ་ཕྲག་གྲངས་མེད་པ་ནས་བྱ་བ་བྱེས་ཟིན་མོད་ཀྱི་དེར་ཡང་གོའི་ཕང་ཐམས་ཅད་ཀྱི་དོན་ཐོབ་པའི་མཐར་ཐུབ་པར་བསྟན་ཏེ་འདི་ནི་འཇིག
iiif viewer powered by OpenSeadragon
93a - 94a