e-texts navigator
Collection
Volume
Page
Wylie

93a1 ཀྱང་ཉཔ་བ་ལྟ་བུར་སྟོན་ཏེ།འོན་ཀྱང་ངའི་ལུས་པ་གཉིད་དང་།སྐྱིགས་བུ་དང་།གླལ་བ་དང་།རུ་ཤིང་ན་བ་དང་།ཀླད་པནཱ་པ་རྣམས་མེད་དོ།།ཉལ
93a2 བྱར་བྱེད་པ་ནི་འཇིག་རྟེན་དང་མཐུན་པར་བྱ་བ་ཙམ་དུ་ཟད་དོ།།འགྲེང་བ་དང་།འཆག་པ་དང་།མིག་འཛུམ་པ་དང་།རྐང་པ་སྦྱང་བ་དང་།ལུས་ཀྱི་སྤྱོད་ལམ་བྱེད་པར་སྣང
93a3 མོད་ཀྱི།ངའི་ལུས་ལ་དེ་ལྟ་བུའི་གནོད་པ་རྣམས་མེད་དོ།།རྐང་པ་འཁྲུ་བ་དང་།སྣུམ་གྱིས་བྱུག་པ་དང་།ཆུ་སྤྱད་པ་དང་།ས་ཤིང་ཟ་བ་དང་།མིག་སྨན་གྱིསོ་སྐུད་པའི་སྣང
93a4 མོད་ཀྱི་ངའི་ལུས་ལ་དེ་ལྟ་བུའི་གནོད་པ་རྣམས་མེད་དོ།།རྐང་པ་པདྨའི་འདབ་མའི་མདོག་འདྲ་བ་དྲུང་།ཁ་ནས་ཨུཏྤ་ལའི་དྲི་འབྱུང་བ་དང་།མིག་དཔེ་མེད་པར་བཟང་པོ་དེ་དགེ
93a5 ཀྱང་འཇིག་རྟེན་དང་མཐུན་པར་བྱ་བ་ཙམ་དུ་ཟད་དོ།།སེམས་ཅན་རྣམས་ཀྱིས་ནི་ཐམས་ཅད་མིའི་ཚུལ་དང་འདྲའོ་སྙམ་དུ་ཡང་དག་པར་ཤེས་སོ།།ཕྱག་དར་ཁྲོད་ཀྱི་གོས་ས
93a6 ལས་བླངས་ཏེ་འཁྲུ་བ་ལྟ་བུར་སྣང་མོད་ཀྱིང་ལ་དེ་དགོས་པ་མེད་དོ།།སེམས་ཅན་རྣམས་ཀྱིས་ནི་མིའི་དངོས་པོར་ཡང་དག་པར་ཤེས་ཏེ།སྒྲ་གཅན་ཟིན་གྱི་བར་བསྟེན་པ་དང་།
93a7 ཟས་གཙང་མ་དང་།སྒྱུ་འཕྲུལ་པ་མར་བསྟན་པའང་འཇིག་རྟེན་གྱི་དོན་ཡིན་ནི།།འཇིག་རྟེན་གྱི་བདེ་བ་མྱོང་ནས་ངེས་པར་བྱུང་སྙན་གས་ཚལ་དུ་རབ་ཏུ་བྱུང་བ་དང་།རྒྱལ




iiif viewer powered by OpenSeadragon

92b - 93b

Texts on this page

N107 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo