e-texts navigator
Collection
Volume
Page
Wylie

92b1 མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱང་བསྟན་ཏེ།སེམས་ཅན་རྣམས་ཀྱིས་ཀྱེ་མ་མྱུར་བ་ཁོ་ནར་བླ་ན་མེད་པའི་དགྲ་བཅོམ་པར་གྱུར་ཏོ་སྙམ་དུ་ཡང་དག་པར་ཤེས་སོ།།ང་ནི།
92b2 བསྐལ་པ་བྱེ་བ་ཕྲག་གྲངས་མེ་དང་ནས་ཀྱང་དགྲ་བཅོམ་པའི་བྱ་བ་མཐར་གཏུགས་ཟིན་མོད་ཀྱི་བྱང་ཆུབ་ཀྱི་ཤིང་དྲུང་དུ་རྩ་བཏིང་བ་ལ་འདུག་པ་དང་།བདུད་འདུལ་བར་བསྟན་པ་འདི་ནི་འཇིག
92b3 རྟེན་ངེས་པོར་བསྒྲལ་བའི་ཕྱིར་ཏེ།བདུད་ཕྱེམ་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་སྙམ་དུ་སེམས་ཅན་རྣམས་ཀྱིས་ཡང་དག་པར་ཤེས་སོ།།ང་ནི
92b4 བསྐལ་པ་བྱེ་བ་ཕྲག་གྲངས་མེད་པ་ནས་ཉོན་མོངས་པའི་རྣམ་པ་དང་།ལྷ་དྲང་རང་བཞིན་གྱི་བདུད་པ་མོ་པར་བྱས་ན་ས་བདུད་རྩིའི་མཆོག་རྟོགས་སོ།།ངས་ནི་བྲ་ཤང་བ་དང་།གཅི
92b5 བ་དང་།དབུགས་རྔུབ་པ་དང་།དབུགས་འབྱུང་བའི་བྱ་བ་སྟོན་མོད་ཀྱི་ངའི་ལུས་ལ་རྒྱུ་དང་མཐུན་པ་དང་རྣམ་པར་སྨིན་པ་མེད་དོ།།སེམས་ཅན་རྣམས་ཀྱིས་ནི་མི་དང་འདྲའོ་སྙམ་དུ་ཡང
92b6 དག་པར་ཤེས་ཏེ་འདི་ནི་འཇིག་རྟེན་དང་མཐུན་པར་བྱ་བ་ཙམ་དུ་ཟད་དོ།།སེམས་ཅན་རྣམས་ཀྱིས་ང་ཁ་ཟས་ཟའོ་སྙམ་དུ་ཡང་དག་པར་ཤེས་མོད་ཀྱི།ངའི་ལུས་ལ་བཀྲེས་པས་ཉམ
92b7 ཆུང་བ་མེད་དེ་འདི་ནི་འཇིག་རྟེན་དང་མཐུན་པར་བྱ་བོ་ཙམ་དུ་ཟད་དོ།།ངས་ནི་བསྐལ་པ་བྱེ་བ་ཕྲག་གྲངས་མེད་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒྲུབས་ཏེ་སྲེད་ངཔ་རྣམ་པར་སྤངས




iiif viewer powered by OpenSeadragon

92a - 93a

Texts on this page

N107 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo