e-texts navigator
Collection
Volume
Page
Wylie

92a1 པའི་ལོངས་སྤྱོད་རྣམས་སྤངས་མོད་ཀྱི།སེམས་ཅན་རྣམས་ཀྱིས་རྒྱལ་ཚབ་ནི་འདོད་པ་རྣམས་ལ་ལོངས་སྤྱོད་དོ་སྙམ་དུ་ཡང་དག་པར་ཤེས་སོ།།ཛམྦུའི་གླིང་།
92a2 ལ་ལར་ནི་ངས་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་པ་བསྟན་ཏེ་ངས་ནི་བསྐལ་པ་བྱེ་བ་ཕྲག་མང་པོ་གྲངས་མེད་པ་ནས་དེ་སྤངས་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་ངས་དེ་བུའི་ཤྲི་བཞིན
92a3 དུ་བོར་ནས་རྒྱལ་སྲིད་ཀྱི་ལོངས་སྤྱོད་ཡོངས་སུ་འཛིན་པ་སྤང་སྔན་འོན་ཀྱང་སེམས་ཅན་རྣམས་ཀྱིས་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྙམ་དུ་ཡང་དག་པར་ཤེས་ཏེ།འདི་ནི་འཇིག་རྟེན
92a4 དང་མཐུན་པར་བྱ་བ་ཙམ་དུ་ཟད་དོ།།ཛམྦུའི་གླིང་ལ་ལར་ནི་ངས་རྒན་པོ་དང་།ནད་པ་དང་།ཤི་བ་མཐོང་ནས་སྐྱོ་བར་གྱུར་ཏེ།གྲར་ཐབས་ལྟ་བུའི་བདེ་བ་ཐམས་ཅད
92a5 སྤངས་ནས་རབ་ཏུ་འབྱུང་བ་བསྟན་ཏེ།སེམས་ཅན་རྣམས་ཀྱིས་ཀྱེ་མ་གཞོན་ནུ་ནི་རབ་ཏུ་བྱུང་ངོ་སྙམ་དུ་ཡང་དག་པར་ཤེས་སོ།།ངས་ནི་བསྐལ་པ་བྱེ་བ་ཕྲག་གྲངས་མེད་པ་ནས
92a6 རབ་ཏུ་བྱུང་བའི་བྱ་བ་མཐར་གཏུགས་ཟིན་མོད་ཀྱི་སྐྱོ་བར་གྱུར་ནས་རབ་ཏུ་བྱུང་བ་ལྟ་བུར་སྟོན་པ་ནི་འཇིག་རྟེན་དང་མཐུན་པར་བྱ་བཾ་ཙམ་དུ་ཟད་དོ།།ངས་བསྙེན་པར་རྫོགས་པ་ལྟ་བུར
92a7 བསྟན་པ་དེའང་འཇིག་རྟེན་ངེས་པར་བསྒྲལ་བའི་ཕྱིར་རོ།།ངས་རྒྱུན་དུ་ཞུགས་པ་དང་།ལན་ཅིག་ཕྱིར་འོང་བ་དང་།ཕྱིར་མི་འོང་བ་དང་།དགྲ་བཅོམ་པ་ཉིད་ལ་སོགས་པ་དང་།།




iiif viewer powered by OpenSeadragon

91b - 92b

Texts on this page

N107 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo