e-texts navigator
Collection
Volume
Page
Wylie

91b1 ཀོར་སེང་གེ་ཅན་ཐོགས་པར་བསྟན་ཏེ།དེས་སེམས་ཅན་རྣམས་ཀྱིས་བྱིས་པ་འདི་ནི་རྣ་ཆ་གདུབ་ཀོར་སེང་གེ་ཅན་ཐོགས་པའོ་སྙམ་དུ་ཡང་དག་པར་ཤེས་མོད་ཀྱི་ང་ནི་སྔོན་བསྐལ
91b2 པ་བྱེ་བ་ཕྲག་གྲངས་མེད་པ་ནས་ཀྱང་བྱིས་པའི་དངོས་པོ་ལས་ལྡོག་པས་ནི་ང་ལ་རྣ་ཆུ་གདུབ་ཀོརརུ་སེང་གེ་ཅན་བཏགས་པ་མེད་དེ།རྣ་ཆ་གདུབ་ཀོར་སེང་གེ་ཅན་ཐོགས་པར་བསྟན
91b3 པཔོ་ནི་འཇིག་རྟེན་དང་མཐུན་པར་བྱ་བཙམ་དུ་ཟད་དོ།།ཛམྦུའི་གླིང་ལ་ལཱ་རུ་ནི་ངས་ཡི་གེ་སློབ་པའི་སར་འགྲོ་བ་བསྟན་མོད་ཀྱི།འཇིག་རྟེན་གསུམ་ནུ་ངའི་མཁན་པོར་རུང་བ་མ་མཐོང
91b4 སྟེ།དེ་ཉིད་སེམས་ཅན་ཐམས་ཅད་ཀྱི་མཁན་པོ་ཡིན་ནོ།།དེ་བཱས་ན་ངའི་མིང་ཐམས་ཅད་མཁྱེན་པ་ཞེས་བྱའོ།།ང་ནི་བསྐལ་པ་བྱེ་བ་ཕྲག་གྲངས་མེད་པ་ནས་ཀྱང་ཡི་གེ་སློབ་པའི་ས
91b5 ནི་གནས་པ་ལུས་འདས་ཏེ།བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བརྙེས་ན།འོན་ཀྱང་སེམས་ཅན་རྣམས་ཀྱིས་ཁྱེའུ་འདི་ཡི་གེ་སློབ་པའི་སྔར་སོང་ངོ་སྙམ་དུ་ཡང་དག་པར
91b6 ཤྲིས་ཏེ་འདི་ནི་འཇིག་རྟེན་དང་མཐུན་པར་བྱ་བ་ཙམྲ་དུ་ཟད་པར་ཁོང་དུ་ཆུད་པར་གྱིས་ཤིག།ཛམྦུའི་གླིང་ལ་ལར་ནི་ངེས་གླང་པོ་ཆུ་དང་།རྟ་དང་།ཤིང་རྟ་དང་།དཔུང་བུ་ཆུང་དང་།
91b7 རིན་པོ་ཆེ་སྣ་ཚོགས་དང་།གཏེར་དང་།རྒྱལ་སྲིད་ཀྱི་དབང་ཕྱུག་རྣམས་ཀྱང་བསྟན།རྒྱལ་ཚབ་བྱེད་པའང་བསྟན་ཏེ།ངས་ནི་སྔོན་བསྐལ་པ་བྱེ་བ་ཕྲག་གྲངས་མེད་པ་ནས་ཀྱང་འདོད།




iiif viewer powered by OpenSeadragon

91a - 92a

Texts on this page

N107 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo