| | e-texts navigator
|
91a1 སེར་བ་ལྟ་བུར་འགྱུར་བར་བྱའོ་ཞེས་ཟེར་རོ།།ཛམྦའི་གླིང་ལྔ་ལར་ནི་ང་གཙུག་ཕུད་འཆའ་བར་སྟོན་ཏེ།སེམས་ཅན་རྣམས་ཀྱིས་བྱིས་པའི་གཙུག་ཕུད་བཅས
91a2 སོ་སྙམ་དུ་ཡང་དག་པར་ཤོས་མོད་ཀྱི།ལྷོ་དང་བཅས་པའི་འཇིག་རྟེན་ན་ངའི་མགོ་བོ་ནས་འཛིན་ཅིང་སྐུ་གཅོད་ནུས་པའི་མཱི་སུའང་མེད་དེ།སྔོན་བསྐལ་པ་གྲངས་མེད་པ
91a3 ནས་ཅུང་ངས་གཙུག་ཕུང་བཅའ་བའི་མཐུར་གཏུགས་ཟིན་པས་ན་སྭཱ་སཱི་སྲ་ངའི་སྒྲ་གཅོད་པར་འགྱུར་བ་ནི་མི་སྲིད་དོ།།འདི་ནི་འཇིག་རྟེན་དང་མཐུན་པར་བྱ་བ་ཙམ་དུ་ཟད་དེ།
91a4 གཙུག་ཕུད་བཅའ་བ་ནྱི་བྱིས་པ་འབའ་ཞིག་ལྔ་བྱ་བ་ཡིན་ནོ།།ཛམྦུའི་གླིང་ལ་ལེ་རི་ནི་ང་དབང་ཕྱུག་ཆེན་པོའི་ལྷ་ཁང་དུ་འགྲོ་བར་ཡང་སྟོན་ཏེ།དེར་དབང་ཕྱུག་ཆེན་པོ་དང་།
91a5 ཚངས་པ་དང་།འཇིག་རྟེན་སྐྱོང་བ་རྣམས་ཀྱིས་ང་མཐོང་ན་ངའི་ཞབས་ལ་ཕྱག་འཚལ་ཏེ་ཐལ་མོ་སྦྱར་ཞིང་འདུག་གོ།ང་ནི་སྔོན་བསྐལ་པ་བྱེ་བ་ཕྲག་གྲངས་མེད་པ་ནས
91a6 ཀྱང་ལྷ་དང་མི་དང་ལྷ་མ་ཡིན་རྣམས་ཀྱི་ལྷའི་ཡང་ལྷ་ཡིན་པས་ན་ནམ་ཡང་དབང་ཕྱུག་ཆེན་པོའི་ལྷ་ཁ་དུ་མི་འགྲོ་སྟེ།དེར་འགྲོ་བ་ལྟ་བུར་བསྟན་པ་འདི་ནི་འཇིག་རྟེན་དང
91a7 མཐུན་པར་བྱ་བ་ཙམ་དུ་ཟད་དོ།།ཛམྦུའི་གླིང་ལ་ལར་ནི་ངས་རྣ་བ་དབུག་པ་བསྟེན་མོད་ཀྱི་ངའི་རྣ་བ་འབིགས་ནུས་པའི་མི་མེད་དོ།།ཛེམྦུའི་གླིང་ལ་ལར་ནི་ངས་རྣ་ཆ་གདུབ
iiif viewer powered by OpenSeadragon
90b - 91b