e-texts navigator
Collection
Volume
Page
Wylie

90a1 དྲན་ལས་འདས་པ་ཆེན་པོར་གཏན་དུ་ཡོངས་སུ་མྱ་དྲན་ལས་འདྲའ་བར་ཡང་མི་བྱེད་དོ།།ཛྙཱམྦུའི་གླིང་ལ་ལར་ནཱི་ངས་ཕྲ་མ་གཉིས་ཀྱི་ཟླ་མནྡན་གྱི་དུས
90a2 སུ་མངལ་དུ་སྐྱེ་བར་སྟོན་ཏེ།དེ་གཉིས་ཀྱིས་ཀྱང་བདག་ཅིག་གཉིས་ཀྱི་བུར་འགྱུར་རོ་སྙམ་དུ་ཡང་དག་པར་ཤེས་སོ།།དེ་ནི་བསྐལ་པ་མང་པོ་བྱེ་བ་ཕྲག་གྲངས་མེད་པ་ནིས
90a3 ལྡན་འགའ་ཡོང་འཁྲིག་པ་ལས་མ་སྐྱེས་ཏེ་འཁྲིག་པ་ལས་སྐྱེས་པའི་ལུས་ལས་བརྒ་ལཾ་བས་ན་ཤྭའི་ལུས་མ་ཡིན་གྱི་ཆོས་ཀྱི་སྐུ་ཡིན་ནོ།།འཁྲོག་པའི་མངལ་དུ་འཇུག་པ
90a4 འདི་ནི་འཇིག་རྟེན་དང་མཐུན་པར་བྱ་བློའི་ཐབས་ཙམ་དུ་ཟད་དོ།།རིགས་ཀྱི་བུ་ཛམྦུའི་གླིང་ལ་ལར་ནི་ད་བུ་བཙའ་བའི་བྲང་དུ་བུར་སྐྱེ་བུར་ཡང་སྟོན་ཅིང་སྐྱེད་མོས་ཚལ་གྱི་གནས
90a5 སུ་བཅའ་བའི་བུ་ལྟ་བུར་གྱུར་ཏེ།སྦྱིན་པར་ལངས་ནས་བྱང་ཕྱོགས་སུ་ཁ་བལྟས་ཏེ་གུམ་པ་བདུན་བོར་ནས་ལྷ་དང་མི་དང་ལྷ་མོ་ཡིན་དང་བཅས་པའི་འཇིག་རྟེན་གྱི་བླ་ན་མེད
90a6 པར་འགྱུར་བར་བྱའོ་ཞེས་ཟེར་ཏེ།སེམས་ཅན་རྣམས་ཀྱིས་ནི་བྱིས་པ་བཅོས་མ་ཐག་ཏུ་གོམ་པ་བདུན་འདོར་བ་སྔན་ཆད་བདག་གིས་མ་མཐོང་སྟེ།ཀྱེ་མ་བདག་གི་བུ་ནི་ལྷོའི་བུ
90a7 ཞིག་གོ་སྙམ་དུ་ཡང་དག་པར་ཤེས་སོ།།སེམས་ཅན་མང་པོ་གཞན་དག་ཀྱང་ངོ་མཚར་དུ་འཛིན་ཏེ།འོན་ཀྱང་ང་ནི་བསྐལ་པ་བྱེ་བ་ཕྲག་གྲངས་མེད་པ་ནས་བྱིས་པའི་དངོས




iiif viewer powered by OpenSeadragon

89b - 90b

Texts on this page

N107 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo