| | e-texts navigator
|
89b1 ནས་ཡང་དེ་རང་གི་གནས་སུ་འཇོག་པར་བྱེད་དོ།།ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་ལ་སོགས་པའི་སྒྱུ
89b2 འཕྲུལ་ཆེན་པོའི་སྟོབས་རྣམ་པ་སྣ་ཚོག་སོ་སྟོན་པས་ནཱ་མྱ་ངན་ལུས་འདས་པ་ཆེན་པོ་ཞེས་བྱའོ།།ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས
89b3 དཔའ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ཀྱིས་ཀྱང་འདི་འདྲ་བ་ཞིག་གོ།དེ་འདྲ་བ་ཞིག་གོ།འདི་ལྟར་བྱོས་སོ།།འདི་ལྟ་བུ་ཞིག་བྱས་སོ་སྙམ་དུ་ཤེས་པར་མི་ནུས་ན།རིགས
89b4 ཀྱི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པས་འདོད་པ་རྣམས་སྤྱད་དོ།།སྒྱུ་གཅན་ཟིན་གྱི་ཕར་གྱུར་ཏོ་སྙམ་དུ་ཤེས་རེ་སྐྲུན།རིགས་ཀྱི་བུ་གཞན་ཡང་དེང་ངས་ཡོངས་སུ་མྱ་ངན་ལས
89b5 འདས་ཕྱི་ཆེན་པོ་ལ་གནས་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་ན་ཉི་མ་དང་།ཟླ་བ་ཐེར་འབུམ་ཡོད་པ་དང་།ཛྙཱམྦུའི་གླིང་ཐེར་འབུམ་ཡོད་པའིའོ་སྟོང་ཁམས
89b6 དག་ཏུ་ཆོ་འཕྲུལ་ཆེན་པོ་བསྟན་པར་བྱའོ།།དེ་ལྔ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་ལུགས་བཞིན་དུ་རྒྱས་པར་སྦྱར་བར
89b7 བྱའོ།།ངན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་ཛམྦུའི་གླིང་ལ་ལར་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་བྱེད་པ་ལྟ་བུར་སྟོན་ལོ།ཡོངས་སུ་མྱ
iiif viewer powered by OpenSeadragon
89a - 90a