| | e-texts navigator
|
89a1 དུ་ཡང་དག་པར་ཤེས་ཤིང་ཡང་དག་པར་མཐོང་ངོ་།།དེ་ནས་ཡང་དེ་རུང་གི་གནས་སུ་འཇོག་པར་བྱེད་དོ།།རིགས་ཀྱི་བུ་གཞན་ཡང་ཡོངས་སུ་མྱ་ངན
89a2 ལས་འདས་པ་ཆེན་པོ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་རང་གི་ལུས་ལ་འཇུག་པར་བྱེད་ལ
89a3 སེམས་ཅན་གཅིག་ལ་དྲང་གནོད་པར་མི་འགྱུར་ཏེ།སེམས་ཅན་དེ་དག་གིས་བདག་ཅག་གོང་དུ་སོང་།གང་དུ་ཁྱེར།གང་དུ་བཅུག་སྙམ་དུ་མི་ཤེས་ཤིང་མི་མཐོང་ངོ་།།
89a4 སེམས་ཅན་གཞན་དག་གིས་ནི་འདིས་འདི་ལྟར་བྱས་སོ་སྙམ་དུ་ཡང་དག་པར་ཤེས་ཤིང་ཡང་དག་པར་མཐོང་ངོ་།།དེ་ནས་ཡང་རང་གི་གནས་སུ་འཇོག་པར་བྱེད་དོ།།རིགས
89a5 ཀྱི་བུ་གཞན་ཡང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁོམས་རྣམས་རྡུལ
89a6 ཕྲ་རབ་ཀྱི་ཁོང་དུ་འཇུག་པར་བྱེད་ལ།སེམས་ཅན་གཅིག་ལའང་གནོད་པརརོ་མི་འགྱུར་ཏེ།སེམས་ཅན་དེ་དག་གིས་བདག་ཅིག་གང་དུ་སོང་།གང་དུ་ཁྱེར།གང་དུ
89a7 བཅུག་སྙམ་དུ་མི་ཤེས་ཤིང་མི་མཐོང་ངོ་།།སེམས་ཅན་གཞན་དག་གིས་ནི་འདིས་འདི་ལྟར་བྱས་སོ་སྙམ་དུ་ཡང་དག་པར་ཤེས་ཤིང་ཡང་དག་པར་མཐོང་ངོ་།།དེ
iiif viewer powered by OpenSeadragon
88b - 89b