e-texts navigator
Collection
Volume
Page
Wylie

85a1 ན་སངས་རྒྱས་བཅོམ་ལྡན་འདས་རྣམས་བསམྦ་གྱིས་མི་ཁྱབ་བོ།།ཆོས་བསྟན་པའང་བསམ་གྱིས་མི་ཁྱབ་བོ།།དེ་བཞིན་དུ་ཉན་པ་པོ་རྣམས་དྲུང་།ཡིད
85a2 ཆེས་པ་རྣམས་ཀྱང་བསམ་གྱིས་མི་ཁྱབ་སྟེ།འདི་ནི་དོན་གྱི་དམིགས་བྱུང་བའི་དབང་ཞེས་བྱའོ།།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་དོན་གྱི་དམྱིགས
85a3 བྱུང་བའི་ཕྱིར་དང་།ང་ཡོངས་སུ་མྱ་ངན་ལྔས་འདའ་བའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་བཞིས་ཆོས་སྟོན་པར་བྱེད་དེ།ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་ནི།
85a4 དོན་གྱི་དམིགས་བྱུང་བ་ཞེས་བྱ་བ་ཡིན་པར་རིག་པར་བྱའོ།།བདག་གི་ལྷག་པའི་བསྡམ་པ་ཞེས་བྱ་བ་ནི་དེ་ངའི་ལྷག་པའི་བསམ་པ་བསྟན་པ་བཤད་པས་ན་བདག་གི་ལྷག
85a5 པའི་བསམ་པ་ཞེས་བྱ་བའང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་ཡིན་པར་རིག་པར་བྱའོ།།གཞན་གྱི་ལྷག་པའི་བསམྱ་པ་ཞེས་བྱ་བའདྲ་ངས་དྲགེ་སློང
85a6 རྣམས་ཀྱི་བསམྦ་པ་རྟོགས་ནས་ང་ནི་རྟག་གོ་ཞེས་བསྟན་པས་ན་གཞན་གྱི་ལྷག་པའི་བསམ་པའང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་ཡིན་པར་རིག་པར
85a7 བྱིའོ།།འདྲི་བའི་དབང་ཞེས་བྱ་བའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཆོག་ཏུ་ཚ་ཕྲ་བའི་ཡེ་ཤེས་དང་ལྡན་པ་འོད་སྲུང་ཆེན་པོ་དང་རུས་གཅིག་པ་ཁྱོད




iiif viewer powered by OpenSeadragon

84b - 85b

Texts on this page

N107 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo