e-texts navigator
Collection
Volume
Page
Wylie

83b1 པ་མང་པོའི་ཆོས་ཀྱི་ཉེས་པ་བྱུང་བ་དག་ཀྱང་ཡོད།རྩོད་པ་ཞི་བར་བྱ་བ་བདུན་གྱི་ཉེས་པ་བྱུང་བ་དག་ཀྱང་ཡོད།རྟག་ཏུ་བསླབ་པ་ཐམས་ཅད་ལས་འགལ་བར་བྱེད་པ་དག་ཀྱང་ཡོད།
83b2 མཚམས་མེད་པ་བྱེད་པ་དག་ཀྱང་ཡོད།མདོ་སྡེ་སྤོང་བ་དག་ཀྱང་ཡོད།འདོད་ཆེན་པོའི་མཐར་ཐུག་པའི་རྒྱུའི་མཚན་ཉིད་རྫོགས་པ་དག་ཀྱང་ཡོད་དེ།འདི་ན་དགེ་སློང་སྡིག་པའི
83b3 ལས་བྱེད་པ་ཆོས་ཐམས་ཅད་ལས་ཐལ་བ་དེ་དག་གཞན་དག་གྲིས་བསྐུལ་ནའདྲ་བདག་ཉིད་མཁས་པ་ཡིན་པར་མངོན་པའི་ང་རྒྱལ་བྱེད་ཅིང་འཆགས་པར་མི་བྱེད་དེ་གྲསིར་རུང
83b4 བའང་གསུངས་ཏེ་གསོར་མི་རུང་བར་བྱེད་པ་དག་ཀྱང་ཡོད།ཁ་ཅིག་ནི་རུས་སྦལ་གྱི་ལུས་བཞིན་དུ་སྦེད་པའང་ཡོད་དེ།དེ་ལྟར་བདག་གི་ཉེས་པ་ཡུན་རིང་དུ་བཅབས་པའི་ཉེས་པ
83b5 འབྱུང་ཞིང་སྡིག་པ་བསགས་པར་འགྱུར་བས་ན་དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ་ཡིན་པས་སྡིག་ཅན་རྣམས་ལ་གནས་རཱ་རཾ་ནས་འདྲ་བར་མཛད་དེ།ཐོག་མ་ཁོ་ནཱ་ར
83b6 གི་སྡིག་བཅས་པ་ན་བསླབ་པའི་གཞི་ཐམས་ཅད་ཅིག་ཅར་འཆའ་བར་མི་མཛད་དོ།།གསོལ་པོ།དེ་བཞིན་གཤེགས་པས་མཁྱེན་བཞིན་དུ་དེ་དག་མཱནར་མེད་པ་ཤིན་ཏུ་འཇིགས
83b7 པའི་སར་བཏང་བར་མཛད་དམ་ཅི་ལགས།དཔེར་གསོལ་མགྲོན་པོ་དག་གཅིག་ཤུལ་དུ་ཞུགས་ཏེ་ཤུལ་དྲང་པོ་མ་འཚལ་བ་ལསོ་དར་ཤུལ་གཅིག་ནི་ལོགས་ཤིག་ཏུ་མཆི་བ




iiif viewer powered by OpenSeadragon

83a - 84a

Texts on this page

N107 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo