e-texts navigator
Collection
Volume
Page
Wylie

82a1 སྨན་པའི་དཔྱད་ལ་བརྩོན་པ་དང་།བླུན་དང་བྲན་མོ་དང་།གསེར་དང་།དངུལ་དང་།བྱུ་རུ་དང་།དུང་དང་།མན་ཤེལ་དང་།མུ་ཏིག་གི་དོ
82a2 དང་།ཤིང་ཏོག་རྣམས་ལེན་པ་དང་།རིག་པ་དང་།རི་མོ་མཁན་དང་།གཟུགས་མཁན་དང་།སྐྱེ་ཤིང་འཛུགས་པ་དང་།གསང་སྔགས་དང་།སྨན་དང་བྱིས་པའི་རྨེད།
82a3 མོ་དང་།གང་ཐབས་ཀྱི་ཡན་ལག་དང་།མིག་འཁྲུལ་དང་།རེངས་པར་བྱ་བའི་སྦྱོར་བ་དང་།གླུ་ག་རོ་དང་།མེ་ཏོག་ཕྲེང་དང་།སོརྩི་དང་།སྨནྡྲ་མར་ཆེན་པོ་བསྐོལ་བདང
82a4 སྤོས་དང་བྱུག་པ་འཆང་བ་དང་།འགྲོ་སྲ་འཆོས་པ་རྣམས་སློབ་པ་དང་།སྒྲོག་པའི་སྦྱོར་བ་ལ་བརྩོན་པ་དག་འབྱུང་བར་འགྱུར་ཏེ་དེ་དག་སྤངས་པ་ལི་ནི་དགེ་སློང་ཞེས་ང་ཟེར་རོ།།
82a5 གསོལ་པ།བཅོམ་ལྡན་འདས་འོ་ན་ཇི་ལྟར་བགྱི་ལགས།དགེ་སློང་ངམ།དགེ་སློང་མ་འམ།དགེ་བསྙེན་ནམ།དགེ་བསྙེན་མ་གཞན་གྱིས་སྩལ་པས་འཚོ་བ་རྣམས
82a6 ཀྱིས་ཡུལ་གང་མ་བརྟགས་པའི་ཟས་མོད་པ་དེར་བསོད་སྙོམས་ཤ་དང་འདྲེས་པ་ཇི་ལྟར་དག་པར་བགྱི་ལྗགས།བཀའ་སྩལ་པ།རིགས་ཀྱི་བུ་ཅི་ནས་འདུལ་བ་དང་མི་འགལ
82a7 བར་ཆུས་བཀྲུས་ཏེ་བཟའ་བར་བྱའོ་ཞེས་ངས་བསྟན་ཏོ།།ཡུལ་དེ་ལྟ་བུན་ཟས་དང་།སྐོམ་ཤའི་ཟས་ཀྱིས་ཤས་ཆེར་འདྲིས་པར་སྣང་བ་དེ་ལྟ་བུ་ནི་སྤང་བར་བྱའོ།།སྣོད




iiif viewer powered by OpenSeadragon

81b - 82b

Texts on this page

N107 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo