e-texts navigator
Collection
Volume
Page
Wylie

81b1 པ་དང་།སྐོམ་པས་གཟེར་བ།ཆ་ལུགས་འཇིགས་འཇིགས་ལྟར་འདུག་པ།བ་ལང་རྫི་འདྲ་བ།བྱ་བ་འདྲ་བ།ཆོས་གོས་ཚོན་ཅན་གྱི་རྟགས་འཆང་བ།བྱི་ལའི་བརྟུལ་ཞུགས
81b2 སྤྱོད་པ།བདག་ནི་དྲགྲ་བཅོམ་པ་ཡིན་ནོ་ཞེས་ཁས་འཆེ་བ།གནོད་པ་མང་པོས་ཉེ་ནུ་པ།རང་གི་གིཙོན་དང་ཕྱི་སས་ལུས་གོས་པ།ཐུབ་པ་བཞིན་དུ་ཆ་ལུགས་བཟང་པོར་འཆོས
81b3 པཔོ།དགེ་སྦྱོང་མ་ཡིན་པར་དགེ་སྦྱོང་ལྟར་འཆོས་པ།དམ་པའི་ཆོས་ལྟར་བཅོས་མའི་ཡི་གེ་འཆང་བ་དག་འབྱུང་བར་འགྱུར་ཏེ།དེ་དག་གིས་ངས་བཅོས་པའི་འདུལ་བ་དང་།ཆོ
81b4 གྲཝ་དང་།སྤྱོད་ཡུལ་དང་ལྡན་པའི་ཚུལ་དང་།རུང་བ་མ་ཡིན་པ་ལ་ཆགས་པ་ལས་རྣམ་པར་གྲོལ་བ།ཐར་པའི་དེ་ཁོ་ན་ཉིད་ཀྱི་ཡི་གེ་བཤིག་ནས་འདུལ་བ་དང་།མདོ་སྡེ་སོ་སྔོ་ནས
81b5 ཅི་དགའ་མགུར་འཆོས་ཤིང་སྨྲ་བར་བྱེད་དེ།འདི་ལྟར་བདག་ཅག་གི་འདུལ་བ་ལས་བཅོམ་ལྡན་འདས་ཀྱིས་ཤའི་བཅུད་ཀྱི་སྦྱིན་པ་ནི་རུང་བ་ཡིན་ནོ་ཞེས་གསུངས་སོ་ཞེས་ཟེར་ཞིང་།
81b6 ཤཱཀྱའི་བུའི་དགེ་སྦྱོང་རྣམས་བདག་ཉིད་ཀྱིས་རང་བཟོར་བྱེད་ཅིང་འགལ་བར་སླ་བ་དག་འབྱུང་བར་འགྱུར་རོ།།རིགས་ཀྱི་བུ་གཞན་ཡང་རུང་བ་མ་ཡིན་པའི་འབྲས་རྗེན་པ་དང་།ཤ
81b7 དང་ཉེ་ཤ་ལེན་པ་དོང་།སྣརུམས་སུ་སྦྱོར་བ་དང་།འབྲུ་མར་གྱི་སྣོད་དང་།གདུགས་བྱེད་པ་དང་།ལྷམ་བྱེད་པ་དང་།རྒྱལ་པོ་ལ་བརྟེན་པ་དང་།མོ་ཡིག་འཆང་བ་དང




iiif viewer powered by OpenSeadragon

81a - 82a

Texts on this page

N107 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo