e-texts navigator
Collection
Volume
Page
Wylie

81a1 ཐམས་ཅད་དེའི་དྲི་ཚོར་ནས་དེས་འཇིགས་ཏེ།དཔེད་ན་མིས་ཤིང་ཀུན་ནམ་སྒྲོགས་པ་ཟོས་ན་མིའོ་ཅོག་གི་སེམས་མ་དད་པར་འགྱུར་ཞིང་མི་མཐུན་ཕྲ་འ
81a2 ལ་མཱི་མང་པོ་ཚོགས་པ་འམ།སྐྱེ་བོ་མང་པོས་གང་བུའི་རླུང་དུ་སེམས་ཅན་དེ་དག་གིས་ཆེ་གེ་མོ་ཞིག་གིས་ཟོས་སོ་ཞེས་ཤེས་པ་དེ་བཞིན་དུ་སྲོག་ཆགས་ཐམས་ཅད་ཀྱིས
81a3 ཟ་བའི་མི་ངོ་ཤེས་ཏེ།དེ་དག་གྲོས་དྲི་ཚོར་ནས་འཆི་བའི་འཇིགས་པས་སྐྲག་པར་འགྱུར་ཏེ།དེ་རྒྱུ་ཞིང་འགྲོ་བ་ན་ཆུ་དང་།སྐམས་དང་།ནམ་མཁའ་ལ་གནས་པའི་སྐྱེ་བོ
81a4 རྣམས་སྐྲག་སྟེ།བདག་ཅག་འདིས་གྲཝ་ས་དུ་འོང་ངོ་སྙམ་ནས་འཁམས་ནས་ཀྱང་འཆི་བར་འགྱུར་རོ།།རྒྱུ་དེ་དག་གིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤ
81a5 མི་ཟའོ།།གདུལ་བར་བྱ་བའི་དབང་གིས་རི་ཤ་ཟ་བཱ་ལྟ་བུར་ཡང་སྟོན་མོད་ཀྵི།ཁ་ཟླས་ཐ་མལ་པའང་མི་ཟིན་ཤ་ལྟ་ཅི་སྨོས།རིགས་ཀྱི་བུང་འདས་པའི་འོག་ཏུ་ལྡོ་བརྒྱ་ཕྱུག
81a6 མང་པོ་འདས་པ་ན་རྒྱུན་དུ་ཞུགས་པ་དང་།ལན་ཅིག་ཕྱིར་འོང་བ་དང་།ཕྱིར་མི་འོང་བ་དང་།དགྲ་བཅོམ་པ་རྣམས་མེད་པར་གྱུར་ལ།དམ་པའི་ཆོས་གཏན་ཞིག་པའི
81a7 དགེ་སློང་འདུལ་བ་དང་མ་མི་འཛིན་པ།རྟོག་པ་སྣ་ཚོགསོ་ཅན།རང་གི་ལུས་གསོ་བར་བྱེད་པ།ཤ་སྣ་ཚོགས་གཅེས་པར་འཛིན་པ།ཁམས་འཁྲུགས་པ་དང་།བཀྲེས




iiif viewer powered by OpenSeadragon

80b - 81b

Texts on this page

N107 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo