| | e-texts navigator
|
80b1 ཚིག་བཞག་པ་དེ་དག་ཀྱང་ཤ་མི་བཟའ་བར་བསྡམ་པའི་ཕྱིར་བཅད་དོ།།གསོལ་པ།བཅོམ་ལྡན་འདས་ཅི་ལས་དགོངས་ཏེ་ཤ་དང་ཉ་ཤ་བཟའ་བའང་ཁ་ཟས་བཟང་པོར
80b2 གསུངས་ལགས།བཀའ་སྩལ་པ།ངས་ནི་ཤ་དང་ཉ་ཤོ་ཁ་ཟས་བཟང་པོར་མ་གསུངས་ཀྱི།ངེས་ནི་བུར་རམ་ཤིང་དང་།འབྲས་སཱ་ལུ་དང་།འབྲུ་དང་།གྲོ་དང་།ནས
80b3 དང་།སྲན་སྡེའུ་དང་།སྲ་ནརྀ་གྲེའུ་རྣམས་དང་།མངར་བག་ཁ་ར་དང་།ལི་ཁ་ར་དང་།སྦྲང་རྩི་དང་།མར་དང་།འོ་མ་དང་།འབྲུ་མར་རྣམས་ཁ་ཟས་བཟང་པོར་གསུངས
80b4 སོ།།ངས་ནི་ལུས་གཡོག་པའི་ཕྱིར་གོས་སྣ་ཚོགས་ཀྱང་ཁ་དོག་ངན་པར་བསྒྱུར་བར་བྱའོ་ཞེས་བསྟེན་ན་ཤ་བཟེའ་བའི་རོ་ལུ་ཆགས་པ་ལྟ་ཅི་སྨོས།གསོལ་པ།དེ་ལྟ་ན་ནི་བྲེའི་བཅུང
80b5 རྣམ་ལྔ་དང་།ཏིལ་དང་།འབྲུ་མར་ཤིང་གི་ཁུ་བ་དང་།དུང་དང་།ཟབ་དེར་ལ་སོགས་པའང་ཁྲིམས་སུ་བཅའ་བའི་རིགས་ལགས་སོ།།བཀའ་སྩལ་པ།གཅེར་བུ་པའི་ལྟ་བ
80b6 མི་འཛིན་ཞིག།ང་ནི་འདུ་ཤེས་གཞན་གྱིས་དེ་ཁྱོད་ལ་བསླབ་པའི་གཞི་བཅའ་བར་བྱ་སྟེ།མུ་གསུམ་གྱི་ཤའང་མི་བཟའ་བར་བསྡམས་སོ།།དོན་ཆད་དུ་བྱས་པ་ཁྱོད་ཀྱིས
80b7 རིག་པ་དེའང་བསྡམས་སོ།།ཤ་རྣམ་པ་བཅུ་ལ་མ་གཏོགས་པ་དེའང་སྤངས་སོ།།ཤི་བའི་ཤའང་སྤངས་སོ།།ཤ་ཟ་བ་ནི་འགྲོའང་རུང་འདུག་ཀྱང་རུང་སྟེ།སྲོག་ཆགས།
iiif viewer powered by OpenSeadragon
80a - 81a