e-texts navigator
Collection
Volume
Page
Wylie

80a1 སྦྱིན་བདག་གི་རྒྱལ་པོ་ཡིན་ནོ་ཞེས་གྲགས་པ་ཆེན་པོར་འགྱུར་ཏེ་དསོད་ནམས་འཕེལ་བར་ནི་མི་འགྱུར་རོ།།།།འཕགས་པ་ཡོངས་སུ
80a2 མྱ་དྲན་ལས་འདུས་པོ་ཐེག་པ་ཆེན་པོའི་མདོ།།བམ་པོ་ལྔ་པ།།དེ་ནས་འོད་སྲུང་ཆེན་པོ་དང་རུས་གཅིག་པས་འདི་སྐད་ཅེས་གསོལ་ཏོ།།ཤ་མྱི་འཚལ་བྱ་ལ་གཟུང
80a3 བློན་ཆེད་ཆེར་བགྱི་བ་ལགས་ན་ཤ་མི་འཚལ་བ་ལའང་འཚལ་དུ་སྩལ་ན་ནོངས་པར་མི་འགྱུར་ལགས་ས་མ།བཀའ་སྩལ་པ།རིགས་ཀྱི་བུ་ལེགས་སོ་ལེགས་སོ།།ཁྱི
80a4 ཀྱིས་ངའི་དགོངས་པ་རིག་སྟེ།དམ་པའི་ཆོས་བསྲུང་བས་ནི་དེ་ལྟར་བྱ་དགོས་སོ།།རིགས་ཀྱི་བུ་ད་ཕྱིན་ཆད་ངའི་ཉན་ཐོས་རྣམས་ཤ་ཟ་བར་མི་གནང་ངོ་།།ཡུལ་འཁོར་གྱི
80a5 བསོད་སྙོམས་ནི་བུའི་ཤ་དང་འདྲའོ་ཞེས་བྱ་ན་ཤ་བཟའི་བར་ངས་ཇི་ལྟར་གནང་།ཤ་ཟ་བ་ནི་བྱམས་པོ་ཆེན་པོ་ཆེད་པར་འགྱུར་རོ་ཞེས་ངས་བསྟན་ཏོ།།གསོལ་པ།བཅོམ
80a6 ལྡན་འདས་འོ་ནི་ཇི་ལྟར་མུ་གསུམ་ཡོངས་སུ་དག་པའི་ཤ་བཟའ་བར་གརླང་ལགས།བཀའ་སྩལ་པ།མུ་གསུམ་ཡོངས་སུ་དག་པ་འདི་ནི་ངས་རིམ་གྱིས་བསླབ་པའི་གཞི
80a7 བསྡམ་པའི་ཕྱིར་དང་ངས་བོར་རོ།།གསོལ་པ།བཅོམ་ལྡན་འདས་ཅེ་ལས་དགོངས་ཏེ་དོན་ཆེད་ཀྱི་མུ་དགུ་དང་།ཤ་རྣམ་པ་བཅུ་སྤང་བ་བཀའ་སྩལ་ལགས།བཀའ་སྩལ་པ།




iiif viewer powered by OpenSeadragon

79b - 80b

Texts on this page

N107 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo