| | e-texts navigator
|
79b1 གིས་མཐོང་བ་དེ་བཞིན་དུ་ཆེ་ཞེང་ལ་མི་རྟག་གོ་སྙམ་དུ་འདུ་ཤེས་མ་བྱེད་ཅིག།དེང་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་ཤི་བའི་འདུ་ཤེས་བཞིན་དུ
79b2 དེ་ལྟར་མི་འཛིན་ཞིག།གང་དག་རྟག་ཏུ་དེ་བཞིན་གཤེགས་པ་རྟོག་པ་དང་།བརྟན་པ་དང་ཐེར་ཟུག་པའོ་སྙམ་དུ་འཛིན་པ་དེ་དག་གི་ཁྱིམ་ནི་ནི་དེ་བཞིན་གཤེགས་པ་བཞུགས
79b3 ཏེ་འདི་ནི་གཞན་གྱི་ལྷག་པའི་བསམ་པ་ཞེས་བྱའོ།།འདྲི་བའི་དབང་ཞེས་བྱ་བ་ནི་འདི་ན་ལ་ལ་ཞིག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ
79b4 ཞུ་བར་བྱེད་དེ།བཅོམ་ལྡན་འདས་ཇི་ལྟར་བགྱིས་ན་བདག་གིས་སུ་ལའང་ཅིའང་མ་སྩལ་བར་འཇིག་རྟེན་དུ་སྦྱིན་པ་པོར་གྲགས་པའི་གཏམ་སྙན་པ་ཐོབ་པར་འགྱུར་ལགས།དེ་བཞིན
79b5 གི་ཤྲེགས་པས་དེ་ལ་དེ་སྐད་ཅེས་བཀའ་སྩལ་ཏོ།།ཆགས་པ་མེད་པ་ལ་བླན་དང་བྲན་མོ་བླང་བར་སྟོབས་ཤིག།གཏན་དུ་ཚངས་པར་སྤྱོད་པ་ལ་བུ་མོའི་སྦྱིན་པ་གྱིས་ཤིག།
79b6 ཤ་མི་ཟ་བ་ལ་ཤ་ཟར་ཆུག་ཅིག།ཆང་མི་འཐུང་བ་ལ་ཆང་འཐུང་དུ་ཆུག་ཅིག།དུས་སུ་ཟེ་བ་ལ་དུས་མ་ཡིན་པར་ཟ་སཱི་བྱན་ཅིག།མེ་ཏོག་ཕྲེང་དང་རྒྱན་མི་ཐོགས་པ་ལ་ཕྱེ
79b7 མ་དང་།སྤོས་དང་།མེ་ཏོག་དང་།བདུག་པ་རྣམས་བྱིན་ཅིག།དེ་དག་གི་དུས་ཤེས་པར་གྱིས་ལ་འགྲོན་དུ་བོས་ཤིག་དང་།ཁྱོད་ཀྱིས་དེ་ལྟར་བྱོས་ན་འཇིག་རྟེན་འདིར
iiif viewer powered by OpenSeadragon
79a - 80a