| | e-texts navigator
|
79a1 རྟག་པའི་ཁ་བ་རྣམས་ཏེ།རོ་དྲུག་པོ་འདི་རྣམས་ཉོན་མོངས་པའི་བུད་ཤིང་དང་སྒྱུ་མའི་མེས་བཅོས་པའི་ཟས་ཡོངས་སུ་མྱ་དྲན་ལས་འདས་པ་ཆེན་པོའི།།
79a2 དེ་ཁོ་ན་ཉིད་ཀྱི་འབྲས་ཆེན་ཞིམ་པོ་ངའི་ཉན་ཐོས་རྣམས་ཟ་བར་འགྱུར་རོ།།ཆེ་ཞེ་གཞན་ཡང་དཔེར་ནི་ཁྱོད་གཞན་གྱིས་བོས་སམ།གཞོན་གྱི་གཙུག་ཕུད་བཅའ་བའི་ཕྱིར
79a3 གྲོང་གཞན་དུ་འགྲོ་བར་འདོད་པ་ན་བུ་ངན་པ་རྣམས་བོར་ཏེ་བུ་བཟང་པོ་རྣམས་བླངས་ནས་གཏེར་གསང་བ་རྣམས་སྟོན་པར་བྱེད་དམ།བཅོམ་ལྡན་འདས་དྲི་ནི་བཀའ་མང་དེ།བུ།
79a4 ངན་པ་ཚུལ་མ་མཆིས་པ་ནོར་གྱི་སྐལ་བ་ནྡན་མ་ལགས་པ་དེ་དག་ལ་ནི་བདག་ནོར་སྟོན་པར་མི་བགྱིད་ལགས་ཀྱི།བདག་ནི་བུ་བཟང་པོ་ཁྱིམ་སོ་འཛིན་པ་ཁྱིམ་གྱི་དོན་སྒྲུབ་པ་རྫས་།
79a5 བསྟན་པར་འོས་པ་དེ་དག་ལ་སྟོན་པར་བགྱིད་ལགས་སོ།།བཀའ་སྩལ་པ།ཆེ་ཞིང་བཞིན་དུ་གང་གི་ཚེ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོར་འགྲོ་བའི་བྱེ་བ་བྱེད་པ་དེའི་ཚེ
79a6 དེ་བཞིན་གཤེགས་པ་གསང་བ་སྣ་ཚོགས་ཀྱི་དགོངས་པའི་ཚིག་མ་ལུས་པར་ཉན་ཐོས་རྣམས་ལ་སྟོན་ཏེ་དེར་སྲས་རྣམས་ལ་དང་བ་སྦྱིན་པར་མཛད་དོ།།ཚེ་ཞི་བོར་ན་ཁྱོད
79a7 བྱེས་སུ་སོང་བ་ན་བུང་ན་པ་རྣམས་ཁྱོད་མ་ཤི་བར་ཤིའོ་སྙམ་དུ་སེམས་སམ།བཅོམ་ལྡན་འདས་དེ་ནི་བཀའ་མེད་དོ།།བཀའ་སྩལ་པ།དེ་ནས་ཁྱོད་ཕྱིར་འོངས་པ་དེ་དག
iiif viewer powered by OpenSeadragon
78b - 79b