e-texts navigator
Collection
Volume
Page
Wylie

78b1 གལ་ཏེ་བཅོམ་ལྡན་འདས་ཀྱིས་སྟོབས་ཆེ་ཆུང་དང་མ་སྦྱར་བར་སེམས་ཅན་རྣམས་ལ་རྟག་པའི་གསང་བ་བསྟན་དུ་ལགས་ན་ཆུབ་མར་མ་ཞུ་བ་དང་འདྲ་བར་སེམས་ཅན་རྣམས་ཆབ་འཚལ
78b2 བར་འགྱུར་ལགས་སོ།།བཀའ་སྩལ་པ།ཆེ་ཞེ་ལེགས་སོ་ལེགས་སོ།།རིགས་ཀྱི་བུ་མོས་ནི་དེ་ལྟར་བྱ་དོགས་སོ།།ཚེ་ཞེ་གཞན་ཡང་གང་གི་ཚེ་ཁྱོད་ཀྱི་བུ་གོམ་པ་འདོར་ནུས་པར
78b3 གྱུར་པ་དེའི་ཚྭ་ཁ་ཟས་སྣུམ་པ་གང་དང་གང་བྱིན་པ་དེ་དང་དེ་འཇུ་ནུས་པར་འགྱུར་རོ།།བཅོམ་ལྡན་འདས་དེ་ནི་བཀའ་མང་ངོ་དོ།།བཀའ་སྩལ་པ་ཅི་དང་པོའི་ཟས་ཀྱིས་མགུ་བར་འགྱུར
78b4 རམ།གསོལ་པ།བཅོམ་ལྡན་འདས་དེ་ནི་མི་ལགས་སོ།།བཀའ་སྩལ་པ།ཆེ་ཞེ་དེ་བཞིན་དུ་གང་གི་ཚེ་ངའི་ཉན་ཐོས་རྣམས་ཀྱིས་བྱིས་པ་ཆུང་ངུ་ཉུང་ངུ་ཟ་བ་དང་འདྲ་བ་དེའི་ཚེ
78b5 ད་མར་དང་འདྲ་བ་སྡུག་བསྔལ་དང་།མི་རྟག་པ་དང་སྟོང་པ་དང་བདག་མེད་པའི་དོན་དུ་སྟོན་ཏོ།།གང་གི་ཚེ་ཁྱོད་ཀྱི་བུ་སྐྱེས་པ་བཞིན་དུ་ཉོན་ཐོས་ཆེན་པོར་གྱུར་ཏེ།སྟོབས་ཆེར
78b6 སྐྱེས་ཤིང་ཐེག་པ་ཆེན་པོ་འདོད་པར་གྱུར་པ་དེའི་ཚེ་ནི་ངིའང་རོ་དྲུག་དང་ལྡན་པའི་ཁ་ཟས་ཆེན་པོ་དང་འདྲ་བའི་ཡོངས་སུ་མྱ་ངན་ལུས་འདས་པ་ཆེན་པོའི་མདོ་ཆེན་པོ་སྟོན་ཏོ།།དེ
78b7 ལོ་རོ་དྲུག་པོ་རྣམས་གང་ཞེ་ན།སྡུག་བསྔལ་གྱི་སྦྱར་དང་།མི་རྟག་པའི་ལན་ཚྭ་དང་།བདག་མེད་པའི་ཚ་བ་དང་།བདེ་བའི་མངར་བ་དང་།བདག་ཡོད་པའི་བསྐོ་བ་དང་།




iiif viewer powered by OpenSeadragon

78a - 79a

Texts on this page

N107 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo