e-texts navigator
Collection
Volume
Page
Wylie

77b1 བྱ་ཡིན་ནོ་ཞེས་གཞན་དག་ལ་ཟེར་ཞིང་།རང་བཟོའི་ཚིག་འབྲུ་སྣ་ཚོགས་རྣམས་ལ་དེ་བཞིན་གཤེགས་པས་གསུངས་པ་ཡིན་ནོ་ཞེས་བྱས་ནས་སངས་རྒྱས་བཅོམ་ལྡན་འདས་དང་།
77b2 ཆོས་དང་དགེ་སློང་གྲི་དགེ་འདུན་ནི་མི་རྟག་གོ་ཞེས་ཟེར་བ་བས་ནི་ཤིང་གི་ཕུང་པོ་འབར་བ་འདི་ལ་ཀུན་ནས་རེག་ཅིང་པང་དུ་བླངས་ཀྱང་སླའོ།།གང་དག་བདུད་ཀྱིས་སྨྲས་པའོ་ཞེས་ཟེར
77b3 བ་དང་།གང་དག་ཕྱིན་ཅི་ལོག་གི་ཆོས་དྲི་འཛིན་པར་བྱེད་པ་དེ་དག་ནི་བརྫུན་དུ་སྨྲ་བའོ།།དེ་བཞིན་གཤེགས་པ་མི་རྟག་གོ་ཞེས་བྱ་བའི་ཚིག་སྨྲ་བ་བས་ནི་ཤིང་གི་ཕུང་པོ་འབར་བ
77b4 འདི་ལ་ལྕེས་ཀུན་ནས་རེག་པར་བྱས་ཏེ་ཤིའང་སྲིའི་ཚི་གོ་དེ་ནི་མཉན་པར་ཡོད་མི་བྱའོ།།དེ་བཞིན་གཤེགས་པ་རྟག་པའོ་ཞེས་འདོག་སྣ་མི་ནུས་པ་དེ་དག་ནི་མྱ་ངན་དུ་བྱ་བ་ཡིན་ནོ།།
77b5 དུ་ངེས་རྣཾས་བཅོམ་ལྡན་འདས་ན་བསམ་གྱིས་མི་ཁྱབ་པོ།།དེ་བཞིན་དུ་དེའི་རྗེས་སུ་བསྟན་པ་དང་ཉན་ཐོས་ཀྱི་དགེ་འདུན་ཡང་བྲུསམ་གྱི་སྲི་མི་ཁྱབ་བོ་སྙམ་དུ་གཟུང་པོར་བྱའོ།།
77b6 དེ་ལ་སོགས་པ་ཤིང་གི་ཕུང་པོ་འབར་བ་ཞེས་བྱ་བ་མན་ཅད་ནི་རང་གི་ལྷག་པའི་བསམ་པ་ཞེས་བྱ་བའི་སྣ་གྲངས་སོ།།གཞན་གྱི་ལྷག་པའི་བསམ་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས
77b7 ཆོས་སྟོན་ཅིང་བཞུགས་པ་ན་བུད་མེད་གཞོན་ནུ་གསར་དུ་བུ་བྱུང་བ་ལ་ལ་ཞིག་བཅོམ་ལྡན་འདས་ཀྱི་ཐེད་དུ་འོངས་ནས་ཕྱོགས་གཅིག་ཏུ་འདུག་སྟེ་སེམས་ཤིང་འདུག་གོ།།དེ་ནས




iiif viewer powered by OpenSeadragon

77a - 78a

Texts on this page

N107 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo