| | e-texts navigator
|
77a1 གྱིས་མི་ཁྱབ་ལགས་སོ།།དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་འདིའང་བསམ་གྱིས་མི་ཁྱབ་ལགས་སོ།།འདི་ལ་གང་དྲུག་བཀའ
77a2 བཞིན་དུ་བྱེད་པ་དེ་དག་ནི་ཡང་དག་པར་འཛིན་པའི་སེམས་ཅན་ལུགས་སོ།།དེ་དག་ནི་མཆོད་རྟེན་ལྟ་བུ་ལགས་སོ།།གཞན་ནི་མྱ་ངན་དུ་བགྱི་བ་ལགས།མི་ཤེས
77a3 པའི་དགོན་པོ་ནི་འཁོད་པ་ལགས་སོ།།མདའི་མིང་གྲི་གཏན་ཚིགས་དང་ཡོན་ཏན་གྱི་ཚུལ་གྱི་ལའུ་ཞེས་བྱ་སྟེ་གསུམ་པའོ།།རིགས་ཀྱི་བུ་འདི་ལ
77a4 བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་ལས་ཆོས་ཀྱི་སྣ་གྲངས་རྣམ་པ་བཞི་སྟོན་པར་བྱེད་དེ།སྣ་གྲངས་རྣམ
77a5 པོ་བཞི་གང་ཞེ་ན།རང་གི་ལྷག་པའི་བསམ་པ་ཞེས་བྱ་བ་དང་།གཞན་གྱི་ལྷག་པའི་བསམ་པ་ཞེས་བྱ་བ་དང་།འདྲི་བའི་དབང་ཞེས་བྱ་བ་དང་།དོན་གྱི་དམིགས་བྱུང
77a6 པའི་དབ་ཞེས་བྱ་བ་སྟེ་བཞི་པོ་ནི་དེ་དག་ཡིན་ནོ།།དེ་ལོ་རང་གི་ལྷག་པའི་བསམ་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་གང་ལ་གཟིགསོ་ནས་ཆོས་སྟོན་པར་མཛད་པ་སྟེ།།
77a7 དཔེར་ན་ཤིང་གི་ཕུང་པོ་འབར་ཞིང་སྣང་བར་གྱུར་པ་གཟིགས་ནས་དགེ་སློང་དག་གང་དག་དེ་བཞིན་གཤེགས་པ་ལས་གསང་བ་སྣ་ཚོགས་ཐོས་ན་འདི་ནི་བདུད་ཀྱིས་སྨྲས
iiif viewer powered by OpenSeadragon
76b - 77b