| | e-texts navigator
|
76a1 འདུ་བར་འགྱུར་ཏེ།གླང་པོ་ཆེའི་རྗེས་ནི་དེ་དག་གི་ནང་ན་མཆོག་རྗེས་བྱ།རབ་མཆོག་ཅེས་བྱ།གཙོ་བོ་ཞེས་བྱ་བ་དེ་བཞིན་དུ་རིགས་ཀྱི་བུ་མདོ་འདིའི་ཏིང
76a2 འཛིན་ཅིའང་རུང་བ་དྲེ་དག་ཐམས་ཅད་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཁོ་ནའི་ཁོངས་སུ་འདུ་བར་འགྱུར་ཏེ།མདོ་འདིའི་ཏིང་ངེ་འཛིན་ཐམས་ཅད་ཀྱི་ནང་ན་ཡོངས་སུ་མྱ
76a3 ངན་ལྔས་འདས་པའི་མདོ་ཆེན་པོ་མཆོག་ཅེས་བྱ།རབ་མཆོག་ཅེས་བྱ།གཙོ་བོ་ཞེས་བྱའོ།།རིགས་ཀྱི་བུ་གཞན་ཡང་དཔེར་ན་སྔོན་གྱི་དུས་སུ་ལོ་ཏོག་བཏབ་པ་ནི་རྨོས་ཐམས
76a4 ཅད་ཀྱི་མཆོག་ཅེས་བྱ།རབ་མཆོག་ཅེས་བྱ།གཙོ་བོ་ཞེས་བྱ་བ་དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ཆེན་པོའི་རྟག་པ་ཉིད་ཀྱི་གློ་ཤོལ་ཆེན་པོས་རྨོས་པ་ནི་མདོ
76a5 ཐམས་ཅད་ཀྱི་མཆོག་ཅེས་བྱ།རབ་མཆོག་ཅེས་བྱ།གཙོ་བོ་ཞེས་བྱའོ།།དེ་བཞིན་དུ་ཐམས་ཅད་ལའང་སྦྱར་བར་བྱ་སྟེ།འདིར་དཀར་པོའི་ཕྱོགས་ཀྱི་ཐབས་དང་སྦྱར་རོ།།
76a6 ཉན་ཐོས་ཀྱི་ཐེག་པའི་ཡང་དག་པར་ལྡན་པའི་མདོའི་རྣམ་པར་དབྱེ་བའོང་འདིར་སྦྱར་བར་བྱའོ།།རིགས་ཀྱི་བུ་གཞན་ཡོང་དཔེར་ན་མཁྲིས་པ་རྒྱས་པའི་ནད་ཀྱིས་ཐེབས་པ་ལ
76a7 ནི་མར་དང་།མངར་བ་བརྒྱད་ཀྱི་སྨན་འབའ་ཞིག་ལྷག་པར་ཕན་པ་དེ་བཞིན་དུ་དེ་བཞིན་གཤེགས་པའི་དགོངས་པའི་ཚིག་གི་མཁྲིས་པ་རྒྱས་པའི་ནད་ཀྱིས་ཟིན་པ་ལའང་ཐེག
iiif viewer powered by OpenSeadragon
75b - 76b