e-texts navigator
Collection
Volume
Page
Wylie

75a1 པར་ཡང་དག་པར་ལྟ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་ཇི་ལྟར་མེ་ལོང་གི་ངོས་ལ་རང་བཞིན་གྱི་གཟུགས་བརྙན་སྣང་བ་བཞིན་དུ
75a2 དྲོན་དམ་པའི་སྐུ་གསལ་བར་མཐོང་ངོ་།།རྡོ་རྗེ་ལྟར་མི་ཤིགས་པའི་སྐུའི་ཕུང་པོའི་ལེའུ་ཞེས་བྱ་སྟེ་གཉིས་པའོ།།།།རིགས་ཀྱི་བུ་གཞིན་ཡང་དེ་ནི་མདོ་འདྲིའི
75a3 མིང་དང་ཡོན་ཏན་དང་།ཚུལ་ཡང་དག་པར་གཟུང་བར་གྱིས་ཤིག།མདོ་འདིའི་མིང་ཐོས་ན་སེམས་ཅན་རྣམས་འགྲོ་བ་བཞིར་འགྲོ་བར་འགྱུར་བ་དེ་ནི་མི་སྲིད་དེ་མདོ་ཆེན་པོ་འདིའི
75a4 ཡོན་ཏན་དང་ཚུལ་སངས་རྒྱས་མང་པོས་བསྟེན་པ་དེ་ལྟ་བུ་ངས་བསྟན་པར་བྱའོ།།གསོལ་པ།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཇི་ལྟར་མདོ་འདིའི་མིང་ཡང་དག
75a5 པར་འཛིན་པ་ལགས།ཇི་ལྟར་མདོ་འདིའི་མིང་འཛིན་པའི་གྲངས་སུ་གཏོགས་པ་ལགས།བཀའ་སྩལ་པ།མདོ་འདི་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱ་སྟེ།ཚངས
75a6 བར་སྤྱོད་པ་ཐོག་མར་དགེ་བ།བར་དུ་དགེ་བ།ཐ་མར་དགེ་བ།དོན་བཟང་པོ།ཚིག་འབྲུ་བཟང་བ།མ་འདྲེས་པ།ཡོངས་སུ་རྫོགས་པ།ཡོངས་སུ་དག་པོ།ཡོངས
75a7 སུ་བྱུང་བ།རྡོ་རྗེ་ལྟ་བུའི་གཏེར་དང་ཆེ་བར་གྲགས་པ་ཡིན་ནོ།།རིགས་ཀྱི་བུ་དཔེར་ན་གངྒཱ་དང་ཡ་མུ་ན་ལ་སོགས་པ་ཆུ་ཀླུང་བརྒྱད་ནི་རྒྱ་མཚོ་ཆེན་པོ་ཁོ་ནར་འདབ་པ་དེ་བཞིན




iiif viewer powered by OpenSeadragon

74b - 75b

Texts on this page

N107 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo