| | e-texts navigator
|
73b1 དང་ལྡན་དུ་ཟིན་ཀྱང་དེ་དག་དང་ལྷན་ཅིག་ཏུ་གནས་པས་ཚུལ་ཁྲིམས་འཆལ་པ་ཁོ་ན་ཡིན་པའི་གྲངས་སུ་འགྲོ་བར་འགྱུར་རོ།།འདི་ནི་ཚུལ་ཁྲིམས་འཆལ་པ་དང་འདྲེས་པ་ཞེས་བྱ་སྨྲ
73b2 དེའི་ཚུལ་མེད་པ་ཟློག་པར་བྱེད་པའི་ཕྱིར་སློབ་དཔོན་ཞེས་བྱའོ།།བྱིས་པའི་དགེ་འདུན་ཞེས་བྱ་བ་ནི་དགོན་པ་པ་དང་།བསོད་སྙོམས་ཞན་པ་དང་།རྨུགས་པོ་རྣམས་ཡིན་ཏེ།སྐོབས
73b3 དབྱེ་བ་དང་།གསོ་སྦྱོང་རྣམས་ཀྱི་དུས་སུ་རང་གི་འཁོར་ཉི་ཚེ་དག་པོར་བྱེད་ཀྱི་ཚུལ་ཁྲིམས་འཆལ་པ་རྣམས་དག་པར་མི་བྱེད་པར་དེ་དག་དྲང་ལྷན་ཅིག་ཏུ་འདྲ་བར་གནས་པ་དེ་ནི་བྱས་པའི
73b4 དགེ་འདུན་ཞེས་བྱ་སྟེ།རྨེགས་པ་དེ་དག་གི་ཚུལ་མ་ཡིན་པ་སེལ་བར་བྱེད་པའི་ཕྱིར་སློབ་དཔོན་ཞེས་བྱའོ།།རང་བཞིན་གྱི་དགེ་འདུན་ནི་བདུད་བྱེ་བ་སྙེད་ཀྱིས་ཀྱང་མི་ཤིགས་པོ་ཡིན་ཏེ།
73b5 དེ་ནི་བྱང་ཆུབ་སེམས་དཔའི་དགེ་འདུན་རང་བཞིན་གྱིས་རྣམ་པར་དག་པའོ།།ཚུལ་ཁྲིམས་འཆལ་པའི་དགེ་འདུན་རྣམ་པ་གཉིས་ཟློག་པར་བྱེད་པ་གང་ཡིན་པ་དེ་དག་ནི་སློབ་དཔོན
73b6 ཞེས་བྱའོ།།འདུལ་བ་འཛིན་པ་ཞེས་བྱ་བ་ནི་གདུལ་བར་བྱ་བའི་དབང་གིས་བསླབ་པའི་གཞི་དེ་དང་དེ་དག་ཤེས་ཏེ་རྔམས་ཆེན་པོའང་ཤེས་སོ།།རྔམས་ཆུང་ངུའདྲ་ཤེས་སོ།།འདུལ
73b7 བ་མི་ཡིན་པ་ནི་བཅན་པར་མི་བྱེད་དོ།།འདུལ་བ་ནི་བཙོན་པར་བྱེད་དོ།།འདུལ་བར་བྱ་བའི་དབང་ཇི་ལྟར་ཤེས་ཞེ་ན།བྱང་ཆུབ་སེམས་དཔའ་གདུལ་བར་བྱ་བའི་དབང་གིས་གྲོང་ཁྱེར
iiif viewer powered by OpenSeadragon
73a - 74a