e-texts navigator
Collection
Volume
Page
Wylie

72b1 ཁྲིམས་འཆལ་པ་ཞེས་བགྱི་འམ།འོན་ཏེ་མི་བགྱི་ལགས།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི
72b2 འོག་ཏུ་ནང་འཁྲུག་འབྱུང་བ་དང་ཡུལ་བཅོམ་པ་དག་འབྱུང་བར་འགྱུར་ཏེ།དུས་ངན་པར་གྱུར་པོ་དེའི་ཚེ་མུ་གེའི་ཉེས་པས་ཆེར་རབ་ཏུ་འབྱུང་ཞིང་མགོ་རིག་ཏུ་འགྱུར་ཏེ།དེ་དག
72b3 གིས་དགེ་སློང་ཚུལ་ཁྲིམས་དང་།ཆོ་ག་དང་།ཡོན་ཏན་དང་།སྤྱོད་པ་ཕུན་སུམ་ཚོགས་པ་དང་ལྡན་པ་དག་སྐྲོད་པར་འགྱུར།གསོད་པར་འགྱུར་ཏེ།དེར་དགེ་སློང་ཚུལ་ཁྲིམས
72b4 དང་ལྡན་པ་རྣམས་ཀྱིས་གྲོང་དང་།གྲོང་ཁྱེར་དང་།རི་ཁྲོད་ཀྱི་གྲོང་དག་ཏུ་ཇི་ལྟར་རྒྱུ་བར་བྱ་སྟེ།དེ་ལྟ་བུ་དག་གི་དུས་ན་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་སློབ་དཔོན་དུ་གྱུར་པ་རྣམས
72b5 ལམ་དུ་འགྲོ་བ་ན་རང་གི་སྲོག་བསྲུང་བའི་ཕྱིར་མཚོན་ཆ་ལག་ན་ཐོགས་པ་དག་དེར་འགྲོ་བར་ང་སྲ་གནང་ངོ་།།དགེ་བསྙེན་རྣམས་དང་།ཁྱིམ་བདྲེག་དང་།རྒྱལ་པོ་དང་།བློན་པོ
72b6 རྣམས་ཀྱིས་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་བསྲུང་བའི་ཕྱིར་མཚོན་ཆ་འཆང་བ་དེའང་ཚུལ་ཁྲིམས་ཡིན་ཞེས་ང་ཟེར་ཏེ།འོན་ཀྱང་གསད་པར་ནི་མི་བྱའོ།།དགག་པའི་ཕྱིར་མཚོན
72b7 ཆེ་བཅང་བར་བྱ་སྟེ།དེ་ནི་མཆོག་ཏུ་མཁས་པའི་ཚུལ་ཁྲིམས་ཡིན་ནོ།།སློབ་དཔོན་ནི་ཐེག་པ་ཆེན་པོའི་གདམས་ངག་སྟོན་པ་དང་།ཡང་དད་པར་ལྟ་བ་དང་།རུང་པོ་མ་ཡིན




iiif viewer powered by OpenSeadragon

72a - 73a

Texts on this page

N107 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo