| | e-texts navigator
|
72a1 སློང་དེ་ནི་སངས་རྒྱས་འོད་སྲུང་ཡིན་ཏེ་དེ་ནི་ཡོངས་སུ་མྱ་ངན་ལས་འདས་སོ།།དེ་ལྟར་ན་དམ་པའི་ཆོས་བསྲུང་བའི་འབྲས་བུ་ནི་དཔག་ཏུ་མེད་དེ།འབྲས
72a2 བུ་རྣམ་པར་དག་པ་དེས་ན་ངའང་རྨ་བྱ་མདོངས་རི་མོ་ཅན་མང་པོས་བརྒྱན་པ་ལྟ་བུར་གྱུར་ཏེ།མི་ཤིགས་པའི་སྐུ་དང་ཆོས་ཀྱི་སྐུ་བརྙེས་པར་གྱུར་ཏོ།།འོད་སྲུང་ཆེན་པོ་དང་རུས
72a3 གཅིག་པས་གསོལ་པ།དེ་བཞིན་གཤེགས་པ་ནི་རྡོ་ལ་བརྐོས་པའི་ཡི་གེ་བཞིན་དུ་རྟོག་པའི་སྐུ་དང་ལྡན་ལགས་སོ།།བཀའ་སྩལ་པ།རིགས་ཀྱི་བུ་དེ་བས་ན་དམ་པའི་ཆོས
72a4 བསྲུང་བར་འདོད་པས་ནི་དགེ་སློང་ངམ།དགེ་སློང་མ་འམ།དགེ་བསྙེན་ནམ།དགེ་བསྙེན་མོ་གང་ནི་ཡོད་པ་དེར་བསྲུང་བར་བྱའོ།།དགེ་བསྙེན་དམ་པའི་ཆོས་བསྲུང་བའི
72a5 འབྲས་བུ་ནི་རྒྱ་ཆེའོ།།རིགས་ཀྱི་བུ་དེ་བས་ན་དགེ་སློང་རྣམས་མཚོན་ཚ་ལག་ནུ་ཐོགས་པའི་དགེ་བསྙེན་དག་གིསྐུ་མདུན་དུ་བདར་ཏེ་རྒྱུ་བར་བྱའོ།།ཐེག་པ་ཆེན་པོ་འདི་ལ་ནི་དགེ
72a6 བསྦྱིན་གྱིས་བསླབ་པའི་གཞི་ལྔ་བླང་བར་མི་བྱ་སྟེ།དམ་པའི་ཆོས་བསྲུང་བའི་ཕྱིར་ལག་ན་མཚོན་ཚེ་ཐོགས་ཤིང་དགེ་སློང་རྣམས་བསྲུང་བར་བྱའོ།།གསོལ་པ་ཅི་ལགས
72a7 དགེ་སློང་གང་དགེ་དེ་ལྟ་བུའི་དགེ་བསྙེན་ལག་ན་མཚོན་ཆེ་ཐོགས་པ་དང་ལྷན་ཅིག་འགྲོགས་ཤིང་རྒྱུ་བ་དེ་དག་སློབ་དཔོན་ལགས་སམ།འོན་ཏོ་སློབ་དཔོན་མ་ལགས།ཚུལ
iiif viewer powered by OpenSeadragon
71b - 72b