| | e-texts navigator
|
71a1 བྱ་བ་འཇིག་རྟེན་དུ་བྱུང་སྟེ།དེའི་ཚེ་འཇིག་རྟེན་གྱི་ཁམས་འདི་བདེ་བ་ཅན་བཞིན་དུ་ཡངས་པར་གྱུར་ཏེ།དེའི་ཚེ་སེམས་ཅན་དྲུག་བདེ་བ་ཅན་གྱི་བྱང་ཆུབ་སེམས་དཔའ
71a2 རྣམས་བཞིན་དུ་བྲུ་བས་ཉམ་ཆུང་བ་མེད་དོ།།དེ་ནས་དེ་བཞིན་གཤེགས་པ་དེ་ལོ་བྱེ་བ་ཕྲག་དུ་མ་བཞུགས་བཞུགས་ནས་གྲོང་ཁྱེར་འདི་ཉིད་དང་གནས་འདི་ཉིད་དུ་མྱ་ངན
71a3 ལས་འདས་སོ།།དེ་ནས་དེའི་བསྟན་པ་ལོ་བྱེ་བ་ཕྲག་དུ་མའི་བར་དུ་གནས་གནས་ནས།གང་གི་ཚེ་བསྟན་པ་གནས་པ་དེའི་ལྷག་མ་ལོ་བཞི་བཅུ་ལུས་པ་དེའི་ཚེ་དྲམ་པའི
71a4 ཆོས་ནུབ་ཏུ་ཆེ་བའི་དུས་ན་དགེ་སློང་སངས་རྒྱས་བྱིན་ཞེས་བྱ་བ་གཡོག་འཁོར་མང་པོ་དང་ལྡན་པ་སེང་གྲོའི་གླུ་སྒྲོགས་པ་གསུང་རབ་ཡན་ལག་དགུའི་ཆོས་སྟོན་པ་ཞིག་བྱུང་སྟེ།།
71a5 དེ་བྲན་དང་།བྲན་མོ་དང་།བ་ལང་དང་།མཱཾ་ཧེ་ལ་སོགས་པ་རྫས་ངན་པ་འཆང་བ་ལོག་པའི་ཆོས་སྟོན་པོ་ཚུལ་ཁྲིམས་འཆལ་པ་སྡང་བའི་སེམས་དང་ལྡན་པ་རྣམས་ཀྱིས།
71a6 ཐོས་ནས་གསང་པོའི་སེམས་བསྐྱེད་དེ།ཚུལ་ཁྲིམས་འཚལ་བའི་ཕྱོགས་རྣམས་གཅིག་ཏུ་བསྔོང་སྔ་ནས་མཚན་ཆ་སྣ་ཚོགས་ལག་ནེ་ཐོགས་ཏེ་དགེ་སློང་དེའི་ཐད་དུ་དོང།
71a7 ངོ་ངོ།ངའང་དེའི་ཚེ་རྒྱལ་པོ་སྲེད་སྦྱིན་ཞེས་བྱ་བར་གྱུར་ཏེ།རྒྱལ་པོ་དེས་གཏམ་དེ་ཐོས་ནས་དམ་པའི་ཆོས་བསྲུང་བའི་ཕྱིར་དགེ་སློང་དེའི་ཐད་དུ་སོང་སྟེ་དེ་དག་དང་གཡུ་ལ
iiif viewer powered by OpenSeadragon
70b - 71b