e-texts navigator
Collection
Volume
Page
Wylie

70b1 རྒྱས་པའི་སྡེ་དང་།རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་རྣམས་སྟོན་ཏེ།མདོ་འདི་ལ་དགེ་སློང་བྲན་དང་།བྲན་མོ་དང་།བ་ལང་དང་།མ་ཧེ་ལ་སོགས་པ་རྫས་ངན་པ་འཆང་བ་རྣམས
70b2 ཆོད་པས་བཅད་པར་བཤད་པ་ནི་བདག་ཅག་གི་རྐྱེན་དུ་མཚམ་པ་ཡིན་ཏེ།མདོ་ཆེ་གེ་མོ་ཞིག་ལས་ཀྱང་རབ་ཏུ་བྱུང་བ་རྫས་ངན་པ་འཆང་བ་རྣམས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེ་གེ་མོ
70b3 ཞིག་ལ་ཆད་པས་གཅོད་དུ་བཅུག་སྟེ།ཚུལ་ཁྲིམས་འཆལ་པ་རྣམས་ནི་གོས་སྐྱ་བོ་གྱོན་དུ་བཅུག་གོ་ཞེས་སྟོན་ཅིང་དེ་དེ་ལྟར་སེང་གེའི་སྒྲ་སྒྲོགས་པ་ལ་ཚུལ་ཁྲིམས་འཆལ་པ་རྣམས
70b4 ཀྱིས་དཀྲུགས་མ་བྱས་ཏེ།སྲོག་བཅད་དུ་ཟིན་ཀྱང་དགེ་སློང་དེ་ལ་ནི་ཚུལ་ཁྲིམོས་དང་ལྡན་པ།བདག་ལ་ཕན་པ་དང་།གཞན་ལ་ཕན་པ་ལ་ཞུགས་པ་ཞེས་ང་ཟེར་རོ།།རྒྱུ་དེས་ན
70b5 རྒྱལ་པོ་དང་།བློན་པོ་དང་།དགེ་བསྙེན་རྣམས་ལ་དམ་པའི་ཆོས་བསྲུང་བའི་ཕྱིར་ངས་དགེ་སློང་རྣམས་བསྲུང་བར་ཡང་གནང་།ཁྱིམ་བདག་མགོ་རེག་རྣམས་ཆད་པས་གཅོད
70b6 དུའང་གནང་ངོ་།།དེ་ལ་ཚུལ་ཁྲིམས་འཆལ་པ་གང་ཡིན་པ་དེ་དག་ནི་ཁྱིམི་བདོག་མགོ་རེག་ཅེས་བྱ་སྟེ།དེ་ནི་ཚུལ་ཁྲིམས་དང་ལྡན་པའི་ཚིག་བླ་དགསྔ་མ་ཡིན་ནོ།།རིགས་ཀྱི་བུ
70b7 སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད་པའི་སྔ་རོལ་ཏུ་གྲོང་ཁྱེར་ཀུ་ཤི་འདི་ཉིད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགའ་སྐྱེད་ཅེས




iiif viewer powered by OpenSeadragon

70a - 71a

Texts on this page

N107 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo