e-texts navigator
Collection
Volume
Page
Wylie

70a1 སློང་ལ་ལ་མལ་སྟནྟ་སྟར་པ་ལ་འདུག་ཅིང་དེ་ཟན་ཟོས་ནས་གཅིག་པུ་ཕྱོགས་གཅིག་ན་མི་སྨྲ་བར་འདུག་སྟེ།བྲསམ་གཏན་བྱེད་ལ་ལུས་ཀྱི་རང་བཞིན་ལྔའང
70a2 ལྟ་བར་བྱེད་དོ།།སེམས་ཅན་འོངས་པ་རྣམས་ལའང་སྦྱིན་པའི་གཏམྦུ་དང་།ཚུལ་ཁྲིམས་ཀྱི་གཏམ་དང་།བསྟོད་ནམས་ཀྱི་གཏམ་དང་།བསོད་ནམས་ཀྱི་རྣམ་པར་སྨིན
70a3 པའི་གཏོམ་དང་།ཆོག་ཤེས་པ་དང་བསྐུད་པའི་ཆོས་སྟོན་ལ།སེང་གེའི་སྒྲ་སྒྲོགས་པར་ཡང་མི་བྱེད།སེང་གེ་ལྟ་བུའི་འཁོར་ཡང་མི་འཆང་།རྟགས་ཅནྡ་འཆལ་པ་ཚར
70a4 བཅད་པའི་ཕྱིར་ཡང་སྟོན་པར་མི་བྱེད་པའི་དགེ་སློང་དེ་ནི་སྐྱེ་བོ་ཐམས་ཅད་ལ་ཕན་པའི་ཕྱིར་ཞུགས་པོའང་མ་ཡིན།བདག་ལ་ཕྲན་པའི་ཕྱིར་ཞུགས་པའང་མ་ཡིན་ཏེ།ཉོན་མོངས
70a5 པ་ཞན་པ་ཡིན་པས་ཚུལ་ཁྲིམས་དང་ལྡན་པ་ཚངས་པར་སྤྱོད་པ་ཙམ་དུ་ཟད་དོ།།དགེ་སློང་ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན་གཞན་ཞིག་གནས་གཞན་ཞིག་ནཱ།
70a6 མལ་སྟན་སར་པ་ལ་འདུག་ཅིང་སེང་གྲིའི་སྒྲ་སྒྲོགས་ཏེ།སེམས་ཅན་ཐམས་ཅད་ལ་ཕན་པ་དང་།བདེ་བའི་ཕྱིར་གསུང་རབ་ཡན་ལག་དགུ་མདོའི་སྡེ་དང་།དབྱངས་ཀྱིས
70a7 བསྙད་པའི་སྡེ་དང་།ལུང་དུ་བསྟན་པའི་སྡེ་དང་།ཚིགས་སུ་བཅད་པའི་སྡེ་དང་།ཆེད་དུ་བརྗོད་པའི་སྡེ་དང་།དེ་ལྟ་བུ་བྱུང་བའི་སྡེ་དང་།སྐྱེས་པ་རབས་ཀྱི་སྡེ་དང་།ཤིན་ཏུ




iiif viewer powered by OpenSeadragon

69b - 70b

Texts on this page

N107 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo