| | e-texts navigator
|
6b1 ཁྱད་པར་དུ་འཕགས་པ་ཤེས་པར་འདོད་པ་ཤ་སྟག་སྟེ།འདི་ལྟ་སྟེ་དགེ་བསྙེན་འོད་དྲི་མ་མེད་པར་གྲགས་པའི་རྒྱལ་པོ་ཞེས་བྱ་བ་དང་།དགེ་བསྙེན་རབ་སྦྱིན་ལ་སོགས་པ་དགེ
6b2 བསྙེན་ཐེག་པ་ཆེན་པོ་ཐོས་པར་འདོད་ལ་ཐོས་ནས་ཀྱང་གཞན་དག་ལ་བསྟན་པར་བྱའོ་སྙམ་དུ་དམ་བཅས་ཤིང་ཚུལ་ཁྲིམས་བླངས་པ།ཐེག་པ་ཆེན་པོས་སྐོམ་ལ་ངོམས་ནས
6b3 ཀྱང་གཞན་སྒོམ་པ་དག་ངོམས་པར་བྱའོ་སྙམ་དུ་དམ་བཅས་པ་ཐེག་པ་ཆེན་པོ་ལ་སྲིད་པ།ཐེག་པ་ཆེན་པོ་ལ་སེར་སྣ་མེད་པ་འཇུག་རྟེན་ཐམས་ཅད་དང་མཐུན་པར་བྱེད་ནུས་པ་ཤུ
6b4 སྟག་དང་བདག་ཅག་རྒལ་ནས་གཞན་བསྒྲལ་བར་བྱའོ།།བདག་ཅག་གྲོལ་ནས་གཞན་དགྲོལ་བར་བྱའོ།།དཀོན་མཆོག་གསུམ་གྱི་གདུང་མི་ཆད་པར་བྱའོ།།ཆོས་ཀྱི་འཁོར་ལོ
6b5 བསྐོར་བར་བྱའོ་སྙམ་དུ་སློབ་པར་འདོད་པ།གོ་ཚེ་ཆེན་པོ་བགོས་པ་བསླབ་པ་རྣམས་ལ་སེམས་གུས་པ་དང་།དེ་བཞིན་དུ་ཡོན་ཏན་གྲངས་མེད་པ་དང་ལྡན་པ།བུ་གཅིག་པ
6b6 ལ་བྱ་བ་བཞིན་དུ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དང་ལྡན་པ་ཤ་སྟག་སྟེ།དེ་དག་ཀྱང་ཉི་མ་འཆར་ཀར་དེ་བཞིན་གཤེགས་པའི་གདུང་ཞུགས་ལ་བཞིན་པའི་ཕྱིར་རེ་རེས་ཀྱང
6b7 ཙནྡན་དང་ཨ་ག་རུ་དང་ཐང་ཤིང་གི་མཆོག་དང་ཙིནྡན་སེ་མཆོག་པའི་བུད་ཤིང་རྣམས་དང་ཡམ་སྲེག་ཤིང་དྲི་བསུང་དང་ལྡན་པ་ཡོན་ཏན་ཅན་ལྔ་སྟོང་ལྔ་སྟོང་ཁྱེར་ཏེ་འོངས
iiif viewer powered by OpenSeadragon
6a - 7a