e-texts navigator
Collection
Volume
Page
Wylie

6a1 དང་གདུལ་བར་བྱ་བའི་དབང་གི་དོན་དུ།ཐེག་པ་ཆེན་པོའི་མཆོག་ཏུ་གསང་བ་སྟོང་པ་ཉིད་ཀྱི་རྣམ་པ་དགོངས་པའི་ཚིག་རྣམ་པ་སྣ་ཚོགས་ཀྱི་སྒོའི་ཚུལ་བཤད
6a2 པར་བྱ་བའི་ཕྱིར།བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟི་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ།བཅོམ་ལྡན་འདས་ལ་ལྡན་འབུམ་བསྐོར
6a3 བ་བྱས་ནས།བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་ཕྱོགས་གཅིག་ཏུ་འཁོད་དོ།།ཡང་དེའི་ཚེ་བསླབ་པའི་གཞི་ལྔ་བླངས་ཤིང་།ཚུལ་ཁྲིམས
6a4 དང་ཆོ་ག་དང་ཡོན་ཏན་དང་ལྡན་པའི་དགེ་བསྙེན་འོད་དྲི་མ་མེད་པར་གྲོགས་པའི་རྒྱལ་པོ་ལ་སོགས་པ་དགེ་བསྙེན་གངྒཱའི་ཀླུང་གཉིས་ཀྱི་བྱེ་མ་སྙེད་ཐམས་ཅད་ཀྱང་ཟུང་དང་ཟུང་དུ
6a5 ཤེས་པར་འདོད་པ་ཤ་སྟག་སྟེ།སྡུག་བསྔལ་བ་དང་བདེ་བ་དང་རྟག་པ་དང་མི་རྟོག་པ་དང་བདག་ཡོད་པ་དང་བདག་མེད་པ་དང་སྟོང་པ་དང་སྟོང་པ་མ་ཡིན་པ་དང་དེ་ཁོ་ན་དང་དེ
6a6 ཁོ་ན་མ་ཡིན་པ་དང་སྐྱབས་དང་སྐྱབས་མ་ཡིན་པ་དང་སེམས་ཅན་དང་སེམས་ཅན་མེད་པ་དང་བརྟན་པ་དང་བརྟན་པ་མ་ཡིན་པ་དང་ཞི་བ་དྲང་ཞི་བ་མ་ཡིན་པ་དང་འདུས་བྱས་དང
6a7 འདུས་མ་བྱས་དང་ཐོར་ཟུག་དང་ཐེར་ཟུག་མ་ཡིན་པ་དང་ཡོངས་སུ་མྱ་ངན་ལས་འདས་པ་དང་ཡོངས་སུ་མྱ་ངན་ལས་འདས་པ་མ་ཡིན་པ་ལ་སོགས་པའི་ཁྱད་པར་དང




iiif viewer powered by OpenSeadragon

5b - 6b

Texts on this page

N107 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo