e-texts navigator
Collection
Volume
Page
Wylie

69b1 ལྡན་འདས་དེ་ལྟར་ན་དེ་བཞིན་གཤེགས་པ་ཡོན་ཏན་དེ་ལྟ་བུ་དང་ལྡན་པ་ལ་སྙུན་དང་མི་རྟག་པ་དང་འཇིག་པ་ག་ལ་ཞིག་མཆིས་ཏེ།དྲེ་སླན་ཆད་དེ་བཞིན་ག་ཤེགས་པ་ནི་ཆོས
69b2 ཀྱི་སྐུ་སྟེ།རྟག་པ་དང་།བརྟན་པ་དང་།ཐེར་ཟུག་པ་དང་།ཞི་བའོ་ཞེས་གཞན་དག་ལའང་བསྟན་པར་འཚལ་ན།རྡོ་རྗེ་ལྟ་བུར་མི་ཤིགས་པའི་སྐུ་འདི་ཇི་ལྟར་འགྲུབ་པར
69b3 འགྱུར་ལེགས།སྐུ་འདི་ལྟ་བུར་རྒྱུ་ཅིས་འགྲུབ་ལགས།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།ངའི་སྐུ་འདི་ལྟ་བུ་ནི་དམ་པའི་ཆོས་བསྲུང་བའི་བསོད་ནམས་ལས་གྲུབ་པ
69b4 ཡོན་ནོ།།རིགས་ཀྱི་བུ་དམ་ཆེས་བསྲུང་བའི་དགེ་བསྙེན་གྱིས་ནི་བསླབ་པའི་གཞི་ལྔ་བླང་བར་མི་བྱའོ།།དགེ་བསྙེན་གྱི་འདུལ་བའང་སྤྱད་པར་མི་བྱའོ།།ཚུལ་ཁྲིམས་དང་།
69b5 གདང་ཡོན་ཏན་དང་ལྡན་པའི་དགེ་སློང་རྣམས་བསྲུང་བའི་ཕྱིར་མདའ་གཞུ་དང་།རལ་གྲི་དང་མདུང་ཐུང་ཁྭ་ལེ་བ་ལག་ཏུ་བླུགས་པར་བྱའོ།།གསོལ་པ།དགེ་སློང་དག་ལས
69b6 སྲུང་མ་དང་ལྷན་གཱ་མི་འཁོད་པར་གཅི་ག་བུ་ཤིང་དྲུང་དུ་སྟན་རྙིང་བ་ལ་མཆིས་པ་གང་ལགས་པ་དེ་དག་ནི་དགེ་སློང་ཞེས་བགྱི་བ་ལགསོ་བྱས་སྲུང་མ་དང་ལྷན་ཅིག་འཁོད་པ་གྲང
69b7 ལེགས་པ་དེ་དག་ནི་ཁྱིམ་བདག་མགོ་རེག་ཅེས་བགྱི་བ་ལགས་སོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།རིགས་ཀྱི་བུ་ཁྱིམ་བདག་མགོ་རེག་ཅེས་དེ་སྐད་མ་ཟེར་ཅིག།འདི་ན་དགེ




iiif viewer powered by OpenSeadragon

69a - 70a

Texts on this page

N107 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo