e-texts navigator
Collection
Volume
Page
Wylie

69a1 སྐུ་དེ་ནི་ཐམས་ཅད་དུ་རྣམ་པར་རྟོག་པ་དང་།རྣམ་པར་རྟོག་པ་མེད་པའི་མཚན་ཉིད་རྣམས་དང་།མཚན་གྱི་གཞི་དང་།མཚན་དང་།བགྲང་བ་དང་།།
69a2 བསྒྲེ་བ་རྣམས་ཀྱིས་རྣམ་པར་རིག་པར་བྱེད་མི་ནུས་པར་མྱ་ངན་ལས་འདའ་བར་གཤེགས་པའང་མཱ་ཡིན།མི་གཤེགས་པའང་མ་ཡིན་ཏེ།དེ་བཞིན་གཤེགས་པ་ནི་ཡོན
69a3 ཏན་དཔག་ཏུ་མེད་པ་དང་ལྡན་ནོ།།འོད་སྲུང་ཆེན་པོ་དང་རུས་གཅིག་པ་དེ་བཞིན་གཤེགས་པའི་སྐུ་ནི་དེ་བཞིན་གཤེགས་པ་ཉིད་ཀྱིས་མཚན་མའི་དངོས་པོ་རྣམས་ཀྱི་སྒོ་ནས
69a4 ཐུགས་སུ་ཆུད་པར་སྤྱོད་ཀྱི།ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་ནི་མི་ནུས་སོ།།དེ་བཞིན་གཤེགས་པ་དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་ཤའི་སྐུ་མ་ཡིན་པ་ལ་ཁམ
69a5 པའི་སྡོང་བཞིནྡ་དུ་ནད་དམ།གནོད་པ་འམ།འཇིག་པར་ག་ལ་འགྱུར།འཇིག་པ་དང་།ན་བ་དང་།མྱ་ངན་ལྔས་འདའ་བར་སྟོན་པ་གང་ཡིན་པ་དེ་ནི་གདུལ་བར་བྱ་བའི
69a6 དབང་གི་ཕྱིར་ཡིན་པར་བལྟ་བར་བྱའོ།།དྲེ་བས་ན་དེང་ཕྱིན་ཆད་དེ་བཞིན་གཤེགས་པའི་སྐུ་རྡོ་རྗེ་ལྟར་མྱི་ཤིགས་ཤིང་མཁྲེགས་པར་ཡིད་ལ་གྱིས་ཤིག།གཞན་དགོ་ལ་ཡང
69a7 ཤའི་སྐུ་མོ་ཡིན་ནོ་ཞེས་སྟོན་ཅིག།དེ་བཞིན་གཤེགས་པ་ནི་ཆོས་ཀྱི་སྐུ་ཡིན་པར་ཁོང་དུ་ཆུད་པར་གྱིས་ཤིག།འོད་སྲུང་ཆེན་པོ་དང་རུས་གཅིག་པས་གསོལ་པ།བཅོམ




iiif viewer powered by OpenSeadragon

68b - 69b

Texts on this page

N107 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo