| | e-texts navigator
|
67a1 དེ་དག་ལ་ནི་བདག་གིས་སྲེར་བ་བཞིན་དུ་བགྱིའོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།རིགས་ཀྱི་བུ་ལེགས་སོ་ལགས་སོ།།དམ་པའི་ཆོས་སྲུང
67a2 བའི་རིགས་ཀྱི་བུས་ནི་དེ་ལྟར་བྱ་དགོས་ཏེ།རིགས་ཀྱི་བུ་ཁྱེད་ལེགས་སོ།།དེ་ལྟར་ན་འཚེ་བ་མེད་པ་ལ་ཞུགས་པ་ཡིན་ཏེ།འཆི་བ་མེད་པའི་ལས་ཀྱི་འབྲས་བུ་ཆེན་པོ་དེས་ན
67a3 བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཚེའང་རེང་བར་འགྱུར་ལ།ཚེ་རབས་ཀྱང་དྲན་པར་འགྱུར་རོ།།འཚེ་བ་མེད་པའི་ཕུང་པོའི་ལེའུ་ཞེས་བྱ་སྟེ་དང་པོའོ།།།
67a4 རིགས་ཀྱི་བུ་དཱ་ནི་དེ་བཞིན་གཤེགས་པ་རྟག་པའི་སྐུ་དང་མི་ཤིགས་པའི་སྐུ་དང་།རྡོ་རྗེའི་སྐུ་དང་།ཤའི་སྐུ་མ་ཡིན་པ་དང་།ཆོས་ཀྱི་སྐུར་ལྟོས་ཤིག།གསོལ་པ
67a5 གལ་ཏེ་དྲི་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བར་མཛད་ན་ནི་བདག་དེ་ལྟར་མ་ལྟ་ལྤགས་སོ།།གྲལ་ཏེ་ཡོངས་སུ་མྱ་ངན་ལས་འདའ་བར་གྱུར་ན་གཞིག
67a6 ཏུ་རུང་བའི་སྐུ་དང་།ཐལ་བའི་སྐུ་དང་།ཤའི་སྐུར་བལྟ་བར་འཚལ་ལོ།།བཀའ་སྩལ་པ།རིགས་ཀྱི་བུ་མིའི་ལྟ་བུར་སོ་བ་སོབ་པོའི་ལུས་དང་གཞིག་ཏུ་རུང་བའི་ལུས
67a7 ཞེས་དེ་སྐད་མ་ཟེར་ཅིག།འོད་སྲུང་ཆེན་པོ་དང་རུས་གཅིག་པ་དེ་བཞིན་གཤེགས་པ་ནི་བསྐལ་པ་བྱེ་བ་ཕྲག་དུ་མ་ནས་མི་ཤིགས་པའི་སྐུ་དང་ལྡན་ཞིང་མིའི་ལུས་མ
iiif viewer powered by OpenSeadragon
66b - 67b