| | e-texts navigator
|
66b1 མིག་གིས་ནི་མི་མཐོང་སྟེ།དེ་བཞིན་དུ་དེ་བཞིན་གཤེགས་པ་འདུ་རྟག་པ་དང་།བརྟན་པ་དང་།ཐེར་ཟུག་པ་ཡིན་ཏེ།ཐེར་ཟུག་པ་ཡིན་གྱིས་ཀྱང་མཚན་མོ་མུན་པའི་ནང་ན
66b2 ཤིང་ལྡན་པའི་གྲིབ་མ་ཤཾའི་མིག་གིས་མི་མཐོང་བ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལ་སྐུ་འདའ་བར་མཛད་པས་རྟག་པ་དང་།བརྟན་པ་དང་།ཐེར་ཟུག་པ
66b3 ཡིན་བཞིན་དུ་མཚན་མོ་མུན་པའི་ནང་ན་ཤིང་ལྗོན་པའི་གྲིབ་མ་བལྟར་མི་སྣང་བས་སེམས་ཅན་རྣམས་དེ་བཞིན་གཤེགས་པ་མི་རྟག་གྲོ་སྙམ་དུ་ཡོངས་སུ་རྟོག་གོ།གལ་ཏེ་ང་དང
66b4 ཆོས་དང་།དགེ་འདུན་རྟག་པའི་འདུ་ཤེས་ཁྱོད་ཀྱི་ཕ་མ་ལ་མེད་ན་གསུམི་ལ་སྐྱབས་སུ་འགྲོ་བ་མ་དག་གོ་ཞེས་ང་ཟེར་རོ།།ཕ་མ་གཉིས་ལ་གཞི་གསུམ་རྟག་པར་བསྟན་ན་ནི་བྱང
66b5 ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསུམ་ལ་སྐྱབས་སུ་སོང་བའི་དགེ་བ་སྙེན་ཞེས་བྱ་བའི་མིང་ཁྱོད་ཀྱིས་ཐོབ་པར་འགྱུར་རོ།།གསོལ་པ།དེང་སླན་ཆད་བདུན་རྒྱུད་ཀྱི
66b6 རིགས་ཚུན་ཆད་དང་།ཕ་མ་གཉིས་ལ་བཅོམ་ལྡན་འོདས་དང་།ཆོས་དང་དགེ་འདུན་རྟོག་གོ་ཞེས་བགྱི་བླར་འཚལ་ལོ།།ཀྱེ་མཱ་སངས་རྒྱུས་བཅོམ་ལྡན་འདས་ནི་བསམ་གྱིས་མི།།
66b7 ཁྱབ་བོ་ཞེས་ཀྱང་བསླབ་པར་འཚལ་ལོ།།གཞན་དག་ལའང་བསྟན་པར་འཚལ་ལོ།།གང་དག་བདག་གིས་བསྟན་པ་ལྟར་མི་འཛིན་ཅིང་མོ་རྟག་པར་སྨྲ་བའི་སེམས་ཅན་ངན་པ
iiif viewer powered by OpenSeadragon
66a - 67a